ཀྲུང་དབྱང་གིས་ལོ་རེ་བཞིན་བོད་ཀྱི་སློབ་གསོའི་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་བསྟུན་ནས་བོད་ཀྱི་ཞིང་འབྲོག་ཁུལ་གྱི་སློབ་གཉེར་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད། 2014ལོ་ནས་བཟུང་། ཀྲུང་དབྱང་གིས་རང་ལྗོངས་ལ་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་40.1བཏང་བ་དང་འོས་འགན་སློབ་གསོའི་སློབ་གྲྭ་1034“ཕྱོགས་ཡོངས་ནས་ལེགས་བཅོས་བྱེད་པའི”ལག་ལེན་ཁྱབ་ཁོངས་ནང་བཅུག་ནས་ལྗོངས་ཡོངས་ཀྱི་རྫོང(ཆུས)74ལ་ཁྱབ་ཡོད་ཅིང་། འདི་ནི་མངའ་རིས་ས་ཁུལ་སྒེར་རྩེ་རྫོང་ཆ་ཚང་སློབ་ཆུང་གི་སློབ་ཕྲུག་གིས་རྒྱུད་ལམ་སྣེ་མང་སློབ་ཁང་དུ་སློབ་སྦྱོང་བྱེད་པའི་གནས་ཚུལ་ཡིན་པ།