ཉེ་ཆར། ལྷ་ས་གྲོང་ཁྱེར་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ལས་དོན་མི་སྣའི་སྣེ་ཁྲིད་འོག་བོད་ལྗོངས་ཧེང་ཧྭ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་ལས་བཟོས་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་ལྟེ་བའི་སློབ་ཆུང་དང་། རྒན་གསོ་ཁང་། ཐང་སྐྱ་གྲོང་ཚོ། རྩ་ཞོལ་གྲོང་ཚོ་སོགས་སུ་དགུན་སྟོད་དུ་དྲོ་སྐྱིད་སྦྱིན་པའི་བྱེད་སྒོ་སྤེལ་ཏེ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་230དང་དུད་ཚང་དབུལ་པོ་100ལ་ཕོ་ཁེབས་དང་། དྲོད་སྲུང་ནང་འཇམ། དགུན་ལྷམ་སོགས་སྒོར་ཁྲི་8.3རི་བའི་དངོས་ཟོག་སྤྲད་དེ་ཁོང་ཚོར་དྲོ་སྐྱིད་ལྡན་པའི་སྒོ་ནས་དགུན་ཁ་ཞིག་སྐྱེལ་ཐུབ་པ་བྱས་ཤིང་། འདི་ནི་ལྷ་ས་གྲོང་ཁྱེར་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་དང་བོད་ལྗོངས་ཧེང་ཧྭ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་ལས་དོན་མི་སྣས་རྩ་ཞོལ་ཤང་ལྟེ་བའི་སློབ་ཆུང་གི་སློབ་མ་ཚོར་འཚམས་འདྲིའི་དངོས་ཟོག་སྤྲོད་པའི་གནས་ཚུལ་ཡིན་པ།