དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལུས་པོར་གློག་འཕྲུལ་གྱི་འགྱེད་འཕྲོ་འགོག་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-09

    དེང་གི་ཆར་རྒྱལ་ཁབ་ཀྱིས་ནུས་པའི་འབྱུང་ཁུངས་འཛུགས་སྐྲུན་ཤུགས་ཆེར་བྱས་པའི་དབང་གིས། སྐྱེས་ཕོ་མོ་རྒན་གཞོན་ཚང་མར་སྤྱི་ཚོགས་གོང་འཕེལ་གྱི་གྲུབ་འབྲས་ལོངས་སྤྱོད་གང་ལེགས་ཐུབ་ཀྱི་ཡོད་པ་རེད། དོན་ཆུང་ནས་བརྗོད་ན་བརྙན་འཕྲིན་དང་གློག་ཀླད། ཁ་པར་སོགས་འབངས་མི་སེར་ཕལ་ཆེ་བའི་འཚོ་བའི་གྲོགས་པོར་གྱུར་པ་མ་ཟད། ཉིན་རེའི་ལས་དོན་ཁྲོད་དུའང་གློག་འཕྲུལ་དང་འབྲེལ་བ་ཡོད་པ་རེད། ཡིན་ནའང་གློག་འཕྲུལ་གྱི་མི་མངོན་པའི་འགྱེད་འཕྲོས་མི་ལུས་ལ་གནོད་འཚེ་ཡོད་པ་ཚན་རིག་མཁས་པས་ཁས་ལེན་བྱེད་བཞིན་ཡོད་པས། མི་ཚང་མས་དེ་ལ་སྟབས་བསྟུན་གྱི་སྔོན་འགོག་དང་བྱ་ཐབས་སྤེལ་དགོས་པ་སྟེ།

    རྟག་པར་དེང་རབས་ཀྱི་གློག་འཕྲུལ་ཡོ་ཆས་བེད་སྤྱོད་གཏོང་མཁན་མི་ཚོས་ལུས་ཟུངས་གསོ་བའི་ཟས་རིགས་ཟ་དགོས་པ་དཔེར་ན་སྒོ་ང་དང་། ཉ་རིགས། ཉ་སྣུམ། གུང་ལ་ཕུག པོའོ་ཚལ། ཞོག་ཁོག་མངར་མོ། ནན་ཀྭ། འདྲེ་འཚེར་མ། ཏིལ་འབྲུ། ལ་ཕུག སྲོག་ཆགས་ཀྱི་མཆིན་པ་སོགས་འོས་འཚམ་ཟ་དགོས། ད་དུང་ཀལ་རྫས་མཐོ་ཙམ་འདུས་པའི་ཟས་རིགས་བསྟེན་དགོས་པ་དཔེར་ན་སྲན་རིགས་ཐོན་རྫས་དང་། རུས་ཐང་། འོ་མ། ཤ་གནག ཤྭ་སྨི་སོགས་ཟ་དགོས། ད་དུང་ནད་འགོག་ནུས་པ་མཐོ་རུ་གཏོང་བའི་ཟས་རིགས་དཔེར་ན་དྲི་ཞིམ་ཤ་མོ་དང་། སྦྲང་རྩི། མོག་རོ། མཚོ་ཚལ། ཚ་ལུ་མ། ཁ་སུར་སོགས་ཀྱང་འོས་འཚམ་བསྟེན་དགོས་སོ།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།