དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལྒ་སྐྱའི་ཇ་ཡིས་ཕོ་དྲོད་གསོ་ཐུབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗多拉   |     སྤེལ་དུས།  2016-12-08

     གནམ་གཤིས་གྲང་དུ་འགྲོ་བ་དང་བསྟུན་ནས་མི་མང་པོར་ཕོ་བའི་འཇུ་སྟོབས་ཉམས་ཏེ། འཇུ་བྱེད་མ་ལག་གི་ན་ཚ་ཡང་མང་དུ་འགྲོ་གི་ཡོད། ལྷག་པར་དུ་ཕོ་དྲོད་ཉམས་པའི་ནད་པར་ཕོ་བའི་ནད་ཕོག་ཚད་ཚབས་ཆེ་བ་ཡོད། དེའི་སྐབས་ངོ་བོ་ཚ་བའི་རང་བཞིན་གྱི་ཟས་རིགས་ལ་བརྟེན་ནས་ཕོ་བར་དྲོད་ཁུག་ཐབས་བྱས་ན་ཕོ་བའི་ནད་གཞི་འཇོམས་ཐུབ་པ་ཡིན། དཔེར་ན་ལྒ་སྐྱ་སྦངས་པའི་ཇ་བཏུང་ན་འཚམ་པོ་ཡོད། དེའང་ཇ་པ་ཏི་དང་སྨིན་པོ་ཡོད་པའི་ལྒ་སྐྱ་མཉམ་དུ་ཆུའི་ནང་ལྡིར་རྗེས། ཇ་ཆུའི་དྲོད་ཚད་ཆག་མཚམས་སྦྲང་རྩི་ཏོག་ཙམ་བླུགས་ནས་བཏུང་ན་ཕོ་དྲོད་སྐྱེས་ཐུབ། རྒྱུ་མཚན་ནི་ཇ་པ་ཏིས་ཕོ་དྲོད་གསོ་བ་དང་ལྒ་སྐྱས་ཁོག་ནང་གི་གྲང་ངད་དེད་འགྲོ་བས་ཡིན་ནོ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།