དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྤྲོ་སྣང་ཇི་ལྟར་བྱས་ནས་ཡོང་བ་ཡིན་ནམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-05

     བདེ་བ་ནི་ནང་སེམས་ཁོང་ནས་ཚོར་དགོས་པ་ལས་ཕྱི་དངོས་པོའི་ཐོག་ཏུ་གནས་མེད། དགའ་སྤྲོ་ནི་མིའི་རིགས་ལ་དམིགས་བསལ་དུ་ཡོད་པའི་སེམས་ཀྱི་ཚོར་བ་ཞིག་རེད། ཆོག་ཤེས་ལྡན་པ་དང་འཚོ་བར་ཡིད་ཆེས་ཀྱིས་ཁེངས་པའི་མི་ནི་གཏན་གཏན་སེམས་ཁམས་བདེ་ཐང་གི་མི་ཞིག་ཡིན།

     དེང་དུས་ཀྱི་མི་མང་པོ་ཞིག་ལ་རྟག་ཏུ་རང་ཉིད་སྐྱིད་པོ་མེད་པའི་ཚོར་སྣང་ཡོང་གི་ཡོད། དེའི་རྒྱུ་མཚན་ནི་ཁུར་པོ་ལྕི་དྲགས་པའམ་ཡང་ན་བསམ་བློ་གཏོང་རྒྱུ་མང་དྲགས་པས་ཡིན། དེས་ན་ཇི་ལྟར་བྱས་ཏེ་ཚེ་སྲོག་གི་ནུས་པ་ཆེ་ཤོས་འདོན་ཐུབ་པ་དང་བྱ་བ་གང་ཞིག་ལ་འཇུག་ཀྱང་ཡིད་ཆེས་དང་སྤྲོ་སྣང་གིས་ཁེངས་པ་ཞིག་བྱེད་དགོས་སམ་ཞེ་ན། བཟང་ཕྱོགས་ལ་འགྱུར་བའི་སེམས་ཁམས་རིག་པའི་ནང་སེམས་སྐྱིད་པོ་ཡོང་དགོས་པར་དང་ཐོག་ཁོང་ཡངས་བཟོད་བསྲན་ཐུབ་པ་ཞིག་དགོས། སྤྲོ་སྣང་ལྡན་པའི་མི་ཞིག་ཡིན་ན་ནང་མི་དང་གྲོགས་པོ་གྲོགས་མོས་དགའ་པོ་བྱེད་པ་དང་། མི་དེ་རིགས་ཀྱིས་རྨོངས་ཚོད་ངང་རང་ལས་ལྷག་པའི་མི་གཞན་དང་འགྲན་རྩོད་བྱེད་མི་སྲིད། གང་ལགས་ཤེ་ན་མི་དེ་རིགས་ལ་ཕན་སེམས་དང་གུ་ཡངས་ཀྱི་བསམ་བློ་ཞིག་ཡོད་པས་ཡིན། སྤྲོ་སྣང་ལྡན་པའི་སེམས་ཁམས་ཀྱིས་ཁྱེད་ཀྱི་མི་ཚེ་གནོང་འགྱོད་མེད་པ་ཞིག་ཏུ་འགྱུར་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།