དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • རྫས་ལུད་ཚན་རིག་དང་མཐུན་པར་བེད་སྤྱོད་གཏོང་དགོས་དོན་གང་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗多拉   |     སྤེལ་དུས།  2016-11-29

    རྫས་ལུད་སྤྱོད་ཐབས་མ་འཚམས་པ་དང་སྤྱོད་ཚད་བརྒལ་ན་ཁོར་ཡུག་ལ་བཙོག་སྐྱོན་བཟོ་སྲིད་པ་དང་། ཕྱོགས་མཚུངས་ལོ་ཏོག་ལ་གནོད་འཚེ་དང་ས་རྒྱུའི་གྲུབ་ཆར་ཡང་གཏོར་སྐྱོན་ཡོང་སྲིད།

    1.ཆུའི་ནང་རྫས་ལུད་ཚད་བརྒལ་འདྲེས་ན་ཆུ་སྐྱེས་རྩ་རིགས་སྐྱེ་འཚར་མགྱོགས་སུ་ཕྱིན་ནས་ཆུའི་སྤུས་ཚད་ལ་གནོད་རྐྱེན་བྱུང་སྟེ་ཆུ་མདོག་ལྗང་ཁུའམ་ནག་པོར་འགྱུར་འགྲོ་བ་དང་། རྫས་ལུད་འདྲེས་ཚབས་ཆེ་སྐབས་དྲི་ངན་ཁ་བ་ཡང་ཡོང་གི་ཡོད།

    2.ས་ཞིང་ཐོག་རྫས་ལུད་ཚད་བརྒལ་བེད་སྤྱད་བྱས་ན། ཐོག་མའི་ས་རྒྱུའི་གྲུབ་ཆ་དང་ཁྱད་ཆོས་ལ་འགྱུར་ལྡོག་བྱུང་ན་ས་རྒྱུ་མཁྲེགས་འགྱུར་ཆགས་པ་དང་སྐྱེ་ལྡན་རྗས་བཅུད་ཉུང་དུ་འགྲོ་གི་ཡོད།

    3.རྫས་ལུད་ནང་གི་ལྕགས་རིགས་ལྗིད་གྲས་ཀྱི་གྲུབ་ཆུ་ཁོར་ཡུག་ནང་ཚད་བརྒལ་འདྲེས་པ་དང་། གལ་ཏེ་ལོ་ཏོག་ནང་འདྲེས་འཐེན་བྱུང་ན། མིའི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་ཡོང་གི་ཡོད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།