དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལོ་ཐོའི་ཟླ་བཤད་ཀུན་གསལ་མ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2016-11-25

    རྒྱ་རྩིས་དཔྱིད་ར་ལྕགས་ཕོ་སྟག་ཟླ་ཆེ་བ། ཚེས་6སྦྲུལ་གྱི་ལྔ་ཆ་བཞི་ནས་དགུན་ཐོག་མའི་རང་སྒང་ཟིན། གྲང་ངར་ཤེད་སྐྱེ། ཚེས་22སྦྲེལ་གྱི་ལྔ་ཆ་གསུམ་ནས་ཕྱི་ཟླའི་དབུགས་ཐོབ། རང་ལྗོངས་སུ་ཁ་བ་དང་བཅས་གྲང་ངར་ཤེད་ཆེ། ལྷོ་བྱང་འབྲོག་ཁུལ་དུ་རྨོན་ཕྱུགས་དང་ཁལ་ཕྱུགས་གསོ་ཚགས་བདག་གཉེར་ཡག་པོ་བྱ་དགོས། ཚེས་24སྤྲེལ་གྱི་ལྔ་ཆ་བཞི་ནས་རྒྱ་དང་གྲུབ་པའི་དགུན་ཉི་ལྡོག བོད་ན་དགུ་དང་པོ་འདྲེན། ས་བདག་སྐྱས་བྱེད། ལྷ་སར་ཆུ་ཚོད་བརྒྱད་དང་སྐར་མ་ཞེ་དྲུག་ལ་ཉི་མ་ཤར། ཆུ་ཚོད་བཅུ་དགུ་དང་སྐར་མ་གཅིག་ལ་ཉི་མ་བཞུད།

    སྤྱི་ལ་ཟླ་འདིར་འབྱུང་བ་ས་ཆུའི་ཁམས་ཤས་ཆེ་བས་ཡུལ་སྤྱིར་ནམ་འཁོར་ཆེ་ཞིང་ཁ་རླུང་འཚུབ་པ་ཅུང་མང། བྱེ་བྲག་ཚེས་8ནས་ལྷག་པ་སྦྱོར་མཐའི་སྐར་མར་སྤྱོད་རིང་ཁ་ཆར་གྱི་འབབ་ཚད་འབྲིང་། མིག་དམར་འབྱུང་འགྲོས་ཀྱིས་ཆུའི་སྐར་མར་སྤྱོད་ཆེ་བས་ལྷོ་ནུབ་དང་ནུབ་བྱང་རྒྱུད་དུ་རང་བྱུང་གནོད་འཚེར་དོགས། ཚེས་28ནས་སྒྲ་གཅན་མཇུག་དང་མིག་དམར་གཉིས་རྒྱུ་སྐར་གཅིག་སྟེང་འཛོམས་པས་ནུབ་དང་ནུབ་བྱང་མཚམས་སུ་འཐིབས་ཤས་ཆེ་ཞིང་རྡུལ་རླུང་ལྡང་བའི་ངོ་། སྤྱིའི་འབབ་ཚེས་1、3、4、6、8、10、13、16、18、21、24、28、30བཅས་ཀྱི་སྐོར་ལ་ཡིན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།