རང་རྒྱལ་གྱིས་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ཡོངས་སུ་ལག་ལེན་བསྟར་རྗེས་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་སྲིད་གཞུང་ཁྲིམས་ལུགས་གཞུང་དོན་ཁང་དང་མཉམ་དུ《བོད་རང་སྐྱོང་ལྗོངས་ཀྱི་བུ་བཙའི་སྲོལ་ཡིག(འཆར་ཟིན)》བཟོས་ཡོད། ཚེས་22ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སློབ་གསོ་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ཏེ《སྲོལ་ཡིག(འཆར་ཟིན)》གྱི་ནང་དོན་ཐད་འབྲེལ་ཡོད་ཚན་པའི་བསམ་འཆར་བསྡུ་ལེན་བྱས་པ་མ་ཟད། འབྲེལ་ཡོད་རིགས་གཅིག་མཁས་ཅན་སྐོང་སྟེ་རིགས་པས་ཁུངས་སྐྱེལ་བྱས་ཡོད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉི་མ་ཚེ་རིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་མཐའ་མཚམས་གྲངས་ཉུང་མི་རིགས་ས་ཁུལ་ཡིན་པའི་ངོས་ནས《སྲོལ་ཡིག(འཆར་ཟིན)》དེ་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གང་ལེགས་བྱས་པ་དང་ནང་དོན་ཐད་བོད་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱས་པས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
ཚོགས་འདུའི་ཐོག་ད་ཐེངས་ཀྱི་ཚོགས་འདུའི་ཐོག་བཏོན་པའི་བསམ་འཆར་དང་གྲོས་འགོར་གཞིགས་ཏེ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་སྡེ་ཚན་གྱིས་སླར་ཡང་གསེད་དཀྲོལ་དང་། ཞིབ་འཇུག རིགས་པས་ཁུངས་སྐྱེལ་བཅས་བྱེད་དགོས་པ་དང་། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་འགན་ཆེན་པོ་འཁུར་ཏེ《སྲོལ་ཡིག(འཆར་ཟིན)》བཟོ་བཅོས་རྒྱག་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས། 《སྲོལ་ཡིག(འཆར་ཟིན)》སྔར་བས་འཐུས་སྒོ་ཚང་དུ་འགྲོ་རྒྱུར་ཐབས་དང་ཇུས་འདོན་དགོས་པའི་བླང་བྱ་བཏོན་ཡོད།