དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ​ དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་མས་དྲག་སྐྱེད་སྦྱོང་བརྡར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2016-11-23

    དམིགས་བསལ་སློབ་གསོ་འཕེལ་རྒྱས་གཏོང་བ་ནི་སློབ་གསོ་དྲང་སྙོམས་ཡོང་བར་སྐུལ་འདེད་གཏོང་བ་དང་སློབ་གསོ་དེང་རབས་ཅན་མངོན་འགྱུར་བྱེད་པའི་ནང་དོན་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་དབང་པོ་སྐྱོན་ཅན་གྱི་ཡིག་རྨོངས་སེལ་བའི་སློབ་གསོ་ལྗོངས་ཡོངས་ཀྱི་ཡིག་རྨོངས་སེལ་བའི་སྤྱིའི་འཆར་གཞིའི་ནང་བཅུག་པ་དང་། དམིགས་བསལ་སློབ་གསོའི་འབྲེལ་ཡོད་གྲོན་དངུལ་གྱི་ཚད་གཞི་མཐོ་རུ་བཏང་བ། རིན་མེད་སློབ་གསོའི་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་བ་བཅས་ཀྱི་ཐོག་ནས་དབང་པོ་སྐྱོན་ཅན་བྱིས་པའི་འོས་འགན་སློབ་གསོ་ཁྱབ་གདལ་ཆུ་ཚད་མཐོ་རུ་བཏང་བ་རེད། 2000ལོར་ལྷ་ས་གྲོང་ཁྱེར་གྱིས་བོད་ཀྱི་དམིཌ་བསལ་སློབ་གསོའི་སློབ་གྲྭ་དང་པོ་དེ་བཙུགས་རྗེས་ལྷོ་ཁ་དང་། གཞིས་རྩེ། ཆབ་མདོ། ནག་ཆུ་སོགས་ས་ཁུལ་དང་གྲོང་ཁྱེར་གྱིས་ཀྱང་དམིགས་བསལ་སློབ་གསོའི་སློབ་གྲྭ་སྔ་རྗེས་སུ་བཙུགས་པ་རེད།

    341845_yis_1479803913234.jpg

    འདི་ནི་ནག་ཆུ་ས་ཁུལ་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་མས་དྲག་སྐྱེད་སྦྱོང་བརྡར་བྱེད་པའི་གནས་ཚུལ་ཡིན་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།