ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་སྐུལ་སྤེལ་ཧུར་ཐག་བཏང་ནས། ལས་རིགས་སློབ་གསོ་སྒྱུར་བཅོས་དང་གསར་གཏོད་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་བ་དང་ཤེས་ལྡན་པ་གསོ་སྐྱོང་གི་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད། ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པས། “རིག་གནས་སྦྱོང་བ་དང་། རྩལ་ནུས་སྦྱོང་བ། ལྟ་བ་སྒྱུར་བ། ཉེ་བཅར་བྱེད་པ། ཁྲོམ་ར་འཚོལ་བ། སྔ་ཙམ་ལས་ཞུགས་བྱེད་པ”བཅས་ཀྱི་སློབ་གཉེར་འདུ་ཤེས་མཐའ་འཁྱོངས་ཀྱིས་སློབ་མ་ཚོས་ཉེར་སྤྱོད་ཤེས་བྱ་ཤེས་པ་དང་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པ་བྱས་ནས་བདེ་བླག་ངང་ལས་ཞུགས་བྱུང་ཞིང་། འདི་ནི་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་སློབ་མ་ཚོས་མཁར་ཆེན་གྱི་རིག་སྟོབས་ཅན་ལས་གྲྭའི་འབྲེལ་ཡོད་ཤེས་བྱ་སྦྱོང་བཞིན་ཡོད་པ།