དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གད་མོ་བགད་ཚེ་བདེ་ཐང་ལ་ཕན་ཐོགས་ཆེ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-11-16

    གད་མོ་བགད་ཚེ་མི་ལ་སྤྲོ་སྣང་ཡོང་བ་མ་ཟད། རང་ཉིད་ཀྱི་ལུས་པོའི་བདེ་ཐང་ལའང་ཕན་ཐོགས་ཡོད། གད་མོ་ནི་མིའི་རིགས་ཀྱི་བརྩེ་དུང་མཚོན་སྟངས་ཁོངས་སུ་གཏོགས་པ་ཞིག་ཡིན་པས་ལྷད་མེད་དང་རང་གྲུབ་ཅིག་ཡོད་ན་གཞི་ནས་མིའི་གཟུགས་པོར་ཕན་པ་ཡོད་པའི་ནུས་པ་ཐོན་ཐུབ། གསོ་རིག་རིགས་གཅིག་མཁས་ཅན་གྱིས་གད་མོ་བགད་པར་ནུས་པ་ཆེན་པོ་ལྡན་ཞིང་། དེ་ཡང་གློ་བའི་འབྱིན་རྔུབ་ཀྱི་ནུས་པ་ཆེ་རུ་འགྲོ་བ་དང་། དབུགས་ལམ་གཙང་མ་ཆགས་པ། བདེ་ཐང་གི་བསམ་ཚུལ་འཕེལ་བ། དངངས་འཚབ་ཆེ་བའི་དབང་རྩ་ལྷུག་པོ་བཟོ་བ། ཤ་གནད་ལྷོད་དུ་སོང་བ་སོགས་ཀྱི་ནུས་པ་ལྡན་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།