དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • འོ་མ་བཏུངས་རྗེས་གྲོད་པ་བཤལ་དོན་གང་ཡིན་ནམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗多拉   |     སྤེལ་དུས།  2016-11-09

    འོ་མ་ནི་འཚོ་བཅུད་ལྡན་པའི་ཟས་རིགས་ཡག་ཤོས་ཀྱི་གྲས་ཤིག་ཡིན། འོན་ཀྱང་མི་ཁག་གཅིག་འོ་མ་བཏུངས་རྗེས་གྲོད་པར་ན་ཟུག་གཏོང་བ་དང་། གྲོད་པ་བཤལ་བ་སོགས་ཀྱི་སྣང་ཚུལ་ཐོན་གྱི་ཡོད། དེ་ནི་གཙོ་བོ་འོ་མའི་ནང་མངར་ཆའི་རྩབས་རྒྱུ་ཚང་དགོས། ཡིན་ནའང་མི་ཁག་གཅིག་གི་གཟུགས་པོར་འོ་མའི་མངར་ཆའི་རྩབས་རྒྱུ་ལྡན་མེད་པས་འོ་མའི་མངར་ཆ་འཇུ་ཐབས་བྲལ་བའི་རྐྱེན་གྱིས་རྒྱུ་འཁྲོལ་དང་གྲོད་པར་ན་ཟུག་གཏོང་བའམ་བཤལ་བ་སོགས་བྱེད་ཀྱི་ཡོད། གསོ་རིག་སྨན་གཞུང་ནང་དུ་འོ་མའི་མངར་ཆ་མི་འཕྲོད་པའི་ནད་ཅེས་བརྗོད། འོ་མའི་མངར་ཆའི་རྩབས་རྒྱུ་མི་ཚང་བ་ནི་སྤྱིར་ན་མི་རྒྱུད་ཀྱི་རྒྱུ་རྐྱེན་ཡོད་ལ་འོ་ཐག་གཅོད་མཚམས་སྔ་དྲགས་པའམ་བཟའ་བཏུང་གོམས་གཤིས་དང་འབྲེལ་བ་ཡོད། ནད་རྟགས་དེ་ཇེ་ཞན་དུ་གཏོང་བའམ་མེད་པ་བཟོ་ཐུབ་ཀྱི་ཡོད། དེ་ཡང་སྔོན་ལ་ཉིན་གཅིག་གི་འོ་མའི་མངར་ཆ་འཐུང་ཚད་ཚོད་འཛིན་བྱེད་དགོས། ཚོད་ལྟ་བྱས་པ་ལས་ར་སྤྲོད་ཐུབ་པར་འོ་མའི་མངར་ཆ་བཏུང་རྒྱུ་ཚད་ལས་བརྒལ་ན་འོ་མའི་མངར་ཆ་མི་འཕྲོད་པའི་ནད་རྟགས་ཐོན་གྱི་ཡོད་པར་བརྟེན། འོ་མའི་འབོར་ཚད་ཉུང་ཞིང་འཐུང་ཐེངས་མང་ཙམ་བཏུང་ན་ཚད་གཞི་ངེས་གཏན་ཞིག་གི་ཐོག་ནས་འོ་མའི་མངར་ཆ་མི་འཕྲོད་པའི་ནད་རྟགས་སེལ་ཐུབ་པར་བཤད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།