
སློབ་མའི་ཀུན་སྤྱོད་སློབ་གསོར་ཤུགས་སྣོན་རྒྱག་པ་དང་སློབ་མ་ཚོར་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་སྒྱུར་བཅོས་སྒོ་དབྱེ་བྱས་པ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་དུས་སྐབས་བར་བོད་ཀྱི་སྤྱི་ཚོགས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཚུལ་ཤེས་རྟོགས་ཐུབ་ཆེད། ཉེ་ཆར་དཔལ་མགོན་རྫོང་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སློབ་ཆུང་གིས་ཀུན་སྤྱོད་སློབ་གསོའི་འགྲེམས་སྟོན་བྱེད་སྒོ་ཐེངས་གསུམ་པ་སྤེལ་ཞིང་། འདི་ནི་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སློབ་ཆུང་ལོ་རིམ་བཞི་པའི་འཛིན་གྲྭ་དང་པོའི་སློབ་མ་ཡོངས་ཀྱིས་སློབ་གྲྭའི་ཀུན་སྤྱོད་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱེད་པའི་གནས་ཚུལ་ཡིན་པ།