ཕྲུ་གུ་དམར་འབྱར་ལ་ལུས་ཁམས་ཁྱད་ཆོས་གང་དག་ཡོད་དམ།
ཕྲུ་གུ་དམར་འབྱར་གྱིས་མཐོང་ཐུབ་བམ།
ཧ་ལམ་ཕྲུ་གུ་དམར་འབྱར་ཚང་མ་སྐྱེས་པ་ནས་སྐར་མ་འགའ་སོང་རྗེས་མཐོང་ཐུབ་ཀྱི་ཡོད།
ཕྲུ་གུ་དམར་འབྱར་ག་རེ་ལྟ་རྒྱུར་དགའ་པོ་ཡོད་དམ།
རྙོག་འཛིང་ཆེ་བ་དང་། སྣ་ཁ་མང་བ། འགུལ་སྐྱོད་བྱེད་པ་བཅས་ཀྱི་གཟུགས་ལ་ལྟ་རྒྱུར་དགའ།
མུ་ཁྱུད་གསལ་བ་དང་ཚོན་མདོག་མངོན་གསལ་དོད་པའི་པར་རིས་ལྟ་རྒྱུར་དགའ།
རྙོག་འཛིང་ཆེ་བ་དང་། གྱ་གྱུ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཀྱི་པར་རིས་ལ་ལྟ་རྒྱུར་དགའ།
མིའི་ངོ་གདོང་ལ་ལྟ་རྒྱུར་ཕྲུ་གུ་དམར་འབྱར་གྱིས་དགའ་ཤོས་བྱེད་ཅིང་། ཕ་མ་དང་ཕྲུ་གུ་དམར་འབྱར་དབར་ལྟ་རེས་བྱེད་པ་ནི་བརྩེ་དུང་མཚོན་སྟངས་ཡག་ཤོས་ཤིག་རེད།
ཕྲུ་གུ་དམར་འབྱར་གྱིས་མཐོང་བའི་བར་ཐག་ཡག་ཤོས་ལི་སྨི་20ཡིན་པ།
ཕྲུ་གུ་དམར་འབྱར་ལ་ཅ་དངོས་སྟོན་སྐབས་ངེས་པར་དུ་ཅ་དངོས་ཕྲུ་གུ་དམར་འབྱར་གྱི་མིག་ནས་བར་ཐག་ལི་སྨི་20ཡི་སར་སྟོན་དགོས་པ་དང་། སྣང་ཚུལ་དེ་ཕྲུ་གུ་སྐྱེས་རྗེས་ཀྱི་ཟླ་3ནས་4བར་རྒྱུན་མཐུད་དགོས། ཕྲུ་གུ་དམར་འབྱར་ཟླ་བ་བཞིར་སླེབས་རྗེས་གཞི་ནས་རྒྱང་ཐག་རིང་ཐུང་གི་ཅ་དངོས་མཐོང་ཐུབ་པའི་ནུས་པ་ལྡན།
ཕྲུ་གུ་དམར་འབྱར་གྱིས་མཐོང་བའི་ཅ་དངོས་བློ་ལ་ངེས་ཐུབ་པ་སྟེ།
ཕྲུ་གུ་དམར་འབྱར་སྐྱེས་མ་ཐག་པ་ནས་ཅ་དངོས་མཐོང་ཐུབ་པ་མ་ཟད་ད་དུང་སྣང་བརྙན་བློ་ལ་ངེས་ཐུབ། ཁོང་ཚོར་རིམ་པ་དེ་བས་མཐོ་བའི་ཀླད་པའི་བྱེད་ནུས་ལྡན་ཡོད།
ཕྲུ་གུ་དམར་འབྱར་གྱི་ཐོས་ནུས།
ཕྲུ་གུ་དམར་འབྱར་གྱི་ཐོས་ནུས་ཡག་པོ་ཡོད་པས་སྒྲ་ཡང་དག་ཉན་ཐུབ། ཁོང་ཚོས་སྒྲའི་རིགས་དང་། སྒྲ་ཤུགས་ཆེ་ཆུང་། སྒྲ་གདངས་མཐོ་དམན། རྒྱུས་མངའ་ཡོད་མེད་བཅས་དང་ཐ་ན་སྒྲ་གྲགས་ཡུལ་གྱི་ཁ་ཕྱོགས་དབྱེ་བ་འབྱེད་ཐུབ།