ཉིན་ཤས་གོང་། བོད་དམག་ཁུལ་ཁང་ལྷོ་ཁ་ཡན་ལག་དམག་ཁུལ་ཁང་གི་ཐོན་ག་གེ་མོའི་ཡིང་ག་གེ་མོས་གོང་དཀར་རྫོང་སློབ་འབྲིང་གི་དཀའ་ངལ་ཡོད་པའི་སློབ་མ་10ལ་མི་རེར“དམག་གི་འདུན་པ”ཞེས་པའི་སློབ་སྐྱོར་རོགས་དངུལ་སྒོར་500སྤྲད་པ་རེད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། “དམག་གི་འདུན་པ”ཞེས་པའི་སློབ་སྐྱོར་རོགས་དངུལ་ནི་ཡིང་དེའི་ཏང་ཡོན་གྱིས་སྣེ་ཁྲིད་ནས་བཙུགས་པ་ཞིག་ཡིན་པ་མ་ཟད། ད་དུང་ཡིང་ཡོངས་ཀྱི་དཔོན་དམག་ཚོར་ཞལ་འདེབས་རྒྱག་རྒྱུའི་འབོད་སྐུལ་ཀྱང་བྱས་པ་རེད། ལོ་ལྟར་གྱི་ཟླ་གསུམ་པ་དང་ཟླ་བཅུ་པར་གོང་དཀར་རྫོང་སློབ་འབྲིང་གི་སྤྱོད་ཡོན་གཉིས་ལྡན་གྱི་དཀའ་ངལ་ཡོད་པའི་སློབ་མ་10ལ་རོགས་དངུལ་སྤྲོད་ཀྱི་ཡོད་པ་རེད།