དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཕྲུ་གུ་སྐྱེས་རྗེས་ཡིད་མུག་པ་ཞེས་པ་གང་འདྲ་ཞིག་ལ་ཟེར་རམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-11-02

    15%ནས་30%བར་གྱི་སྦྲུམ་མར་ཕྲུ་གུ་སྐྱེས་རྗེས་ཡིད་མུག་པའི་སྣང་ཚུལ་ཐོན་གྱི་ཡོད། དེ་ཡང་མངོན་རྟགས་ནི་ཁེར་འདུག་བྱས་ནས་སྐད་ཆ་མི་ཤོད་པ་དང་། དོན་མེད་དུ་ངུ་བ། རང་གིས་རང་ལ་ཉེས་འགེལ་བྱེད་པ་དང་ཆབས་ཅིག་གཉིད་ཡེར་བ་དང་། ཟས་ལ་དང་ག་ཞན་པ། ཁོང་ཁྲོ་ལངས་པ་སོགས་ཀྱི་ནད་རྟགས་འབྱུང་སྲིད། ཚབས་ཆེ་བར་ཕྲུ་གུ་སྐྱེས་རྗེས་ཀྱི་སྨྱོ་ནད་དུ་གྱུར་ནས་རང་ཤི་རྒྱག་པའི་བསམ་བློ་དང་ཉིན་གང་ཕྲུ་གུར་གནོད་པ་སྐྱེལ་དགོས་སྙམ་གྱི་ཡོད།

    ཕྲུ་གུ་སྐྱེས་རྗེས་ཡིད་མུག་པ་ནི་སྤྱིར་བཏང་གཟའ་འཁོར་2ནས་ཐོན་གྱི་ཡོད་པས་དེ་སྐབས་ཁྱིམ་མི་དང་གྲོང་པ་སོགས་ལ་གླེང་མོལ་བྱེད་པ་དང་། སེམས་སྐྱིད་པའི་གནས་ཚུལ་མང་ཙམ་བསམ་བློ་གཏོང་བ། རང་ཉིད་ཀྱི་སེམས་ཁྲལ་བཤད་ནས་གཞན་གྱི་རོགས་རམ་ཐོབ་ཐབས་བྱེད་དགོས། དེ་ལྟར་འོས་འཚམ་གྱི་བྱ་ཐབས་སྤྱད་ན་ནད་པ་མང་ཆེ་བ་ཟླ་2ནས་3བར་ལ་སེམས་ཁམས་སླར་གསོ་ཡོང་སྲིད། འོན་ཀྱང་ཡིད་ཐང་ཆད་པའི་བསམ་བློ་རྒྱུན་མཐུད་ནས་བྱུང་བའམ་ལྕི་རུ་སོང་ན་ལམ་སེང་སྨན་བཅོས་དང་བསམ་བློའི་ཐད་བདེ་གྲོལ་ཡོང་བ་བྱས་ཏེ་ཡིད་མུག་པའི་སེམས་ཁམས་འཕེལ་རྒྱས་འགྲོ་རྒྱུར་ཚོད་འཛིན་བྱེད་དགོས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།