དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཀླད་སྐྱོན་ཕོག་པའི་བྱིས་པའི་རང་སྲུང་ཀྱི་འདུ་ཤེས་ལ་ཤུགས་སྣོན་རྒྱག་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2016-10-31

    མི་སྤྱིར་བཏང་བ་ཞིག་གིས་བལྟས་ན་ཀླད་སྐྱོན་ཕོག་པའི་བྱིས་པ་ནི་སྤྱང་གྲུང་དོད་པོ་མེད་པ་དང་། ཚོར་བ་སྐྱེན་པོ་མེད་པོ་མེད་པ་ཞིག་མཐོང་སྲིད། འོན་ཀྱང་དོན་དངོས་ཐོག་ཁོང་ཚོར་ཡང་ལྷན་སྐྱེས་ཀྱི་རྩེད་མོ་རྩེད་འདོད་སོགས་ཀྱི་བློ་ཡོད་པ་མ་ཟད། འཇིག་རྟེན་ཁམས་ལ་ལྟ་རེག་བྱེད་འདོད་ཀྱི་ཡ་མཚན་གྱི་བསམ་པའང་ཆེན་པོ་ཡོད།

    འོན་ཀྱང་། ཁོང་ཚོའི་ནུས་པ་དང་ལུས་ཤུགས་སོགས་ལ་བཀག་རྒྱ་ངེས་ཅན་ཡོད་པས། འགུལ་སྟངས་ཀྱི་ཡང་ཤ་དོད་ལོས་དང་སྙོམ་སྒྲིག་རང་བཞིན་ཅུང་ཞན་པའི་ཁར། འཚོ་བའི་ཉམས་མྱོང་ཡང་ཞན་པས། དོན་དངོས་ཀྱི་འཚོ་བའི་ནང་དུ་འཚིག་རྨས་དང་འགྲིམ་འགྲུལ་དོན་རྐྱེན་སོགས་གློ་བུར་གྱི་བར་ཆད་རྒྱུན་དུ་མཐོང་མུས་སུ་མཆིས། རིག་སྟོབས་འཚར་སྐྱེས་བྱེད་མི་ཐུབ་པའི་རྐྱེན་གྱིས་ཀླད་སྐྱོན་ཕོག་པའི་བྱིས་པར་གནོད་འཚེ་ཕོག་ཚད་དེ་རྒྱུན་གཏན་ཅན་གྱི་བྱིས་པ་ལས་མང་བ་ཡོད།

    དོན་དངོས་ཀྱི་གནད་དོན་འདི་ལྟ་བུར་དམིགས་ནས།  ཁྱིམ་བདག་དང་དགེ་རྒན་མང་དག་ཅིག་གིས་ཕྲུ་གུའི་མགོ་དང་རྐང་བར་ཇུས་གཏོགས་བྱེད་པ་དང་ཁོང་ཚོའི་བྱ་སྤྱོད་ལ་ཚོད་འཛིན་བྱེད་ཀྱི་ཡོད། སློབ་གྲྭའི་ནང་དུ་དགེ་རྒན་ཚོས་སློབ་ཕྲུག་ལ་རང་དབང་མེད་པ་བྱེད་པ་དང་། ཁྱིམ་དུ་ཁྱིམ་བདག་གིས་ཕྲུ་གུ་གཞན་དང་རྩེད་མོ་རྩེད་དུ་མི་འཇུག་པ་དང་། ཁྱིམ་སྤྱོད་གློག་ཆས་བེད་སྤྱོད་བྱེད་མི་ཆོག་པ་སོགས་བྱས་ཏེ། ཕྲུ་གུའི་རྐང་ལག་བསྡམས་བཀྱིག་བྱས་པ་དང་མཚུངས།  དེ་ལྟར་ཚད་ལས་འདས་པའི་སྲུང་སྐྱོབ་དང་ཐབས་ཤེས་མི་འདང་བའི་སློབ་གསོ་རྒྱག་སྟངས་དེས་ཕྲུ་གུ་ཉེན་ཁའི་གནད་དུ་བསྡད་ཡོད་ཀྱང་། རང་ཉིད་སྲུང་སྐྱོབ་བྱེད་པའི་ནུས་པ་ཇེ་ཞན་དུ་འགྲོ་སྲིད།

    དེར་བརྟེན།  ཕྲུ་གུར་བདེ་འཇགས་ཀྱི་འདུ་ཤེས་བཙུགས་ནས་ཕྲུ་གུའི་རང་སྲུང་གི་ནུས་པ་གོང་མཐོར་གཏོང་རྒྱུ་ནི་དགོས་གལ་ཧ་ཅང་ཆེ་བ་ཞིག་རེད། འཚོ་བ་དང་སློབ་སྦྱོང་གི་ཁོར་ཡུག་ཁྲོད་དུ་ཉེན་ཁའི་རྒྱུ་རྐྱེན་ཉུང་དུ་གཏང་གང་ཐུབ་བྱ་རྒྱུ་ནི་ང་ཚོས་འབད་བརྩོན་བྱེད་པའི་ཁ་ཕྱོགས་ཡིན། དེ་ཡང་ཐོག་མར་དངོས་པའི་ཁོར་ཡུག་གི་ཐད་ནས་ཀླད་སྐྱོན་ཕོག་པའི་བྱིས་པར་གསོན་ཉམས་དོད་པོ་དང་། ཐད་ཀར།  ཕྱོགས་བསྡུས་རང་བཞིན་བཅས་ཀྱི་སློབ་གསོ་བྱེད་ཐུབ།  དཔེར་ན། རྡོ་བཀྱག་གི་ཟུར་དང་།  ལམ་ཟུར་སོགས་སུ་མངོན་གསལ་དོད་པའི་བདེ་འཇགས་ཀྱི་མཚོན་རྟགས་སྦྱར་ནས།  སློབ་མ་རྣམས་སྙོམ་ཆུང་ཚུལ་ལྡན་ངང་ནས་འགྲོ་བསྐྱོད་བྱེད་པ་ལས། རྡོ་བཀྱག་དང་བར་ཁྱམས་སོགས་སུ་དགོས་མེད་ཀྱི་བརྡུང་ཀ་མི་ཐེབས་ཕྱིར་འདེད་རེས་འཛིང་རེས་སོགས་བྱེད་མི་ཆོག་པ་དང་། དུས་རྒྱུན་དུ་སྤྱོད་པའི་གློག་ཆས་དང་བསད་སྤར་བྱེད་སར་མངོན་གསལ་དོད་པའི་མིག་ཆེན་པོ་སྦྱར་བ་དང་ཉེན་བརྡའི་གློག་གི་མཚོན་རྟགས་བསྒར་བ་སོགས་བྱས་ནས་སློབ་ཕྲུག་ཚོར་རང་སྣང་གིས་གློག་ཡོད་པའི་དངོས་པོར་མ་རེག་པ་དང་གློག་གི་དོན་རྐྱེན་མི་ཐོན་པ་བྱ་རྒྱུར་དྲན་སྐུལ་བྱེད་དགོས།

    ཡང་དག་པའི་འཚོ་བའི་གོམས་གཤིས་དང་རང་ཉིད་སྲུང་སྐྱོབ་བྱེད་པའི་སློབ་གསོ་གཉིས་ནི་འབྲེལ་བ་དམ་ཟབ་དང་ཕན་ཚུན་མཉམ་གནས་ཤིག་ཀྱང་ཡིན་པས།  ཀླད་སྐྱོན་ཕོག་པའི་བྱིས་པའི་འཚོ་བར་གོམས་གཤིས་ལེགས་པོ་འཇགས་པ་བྱས་ནས་བདེ་འཇགས་ཀྱི་དོན་རྐྱེན་མི་ཐོན་པའམ་ཐོན་ཉུང་དུ་གཏོང་དགོས།

    མདོར་ན།  འཚོ་བའི་ཁྲོད་ཀྱི་ཕྱོགས་མང་ཐད་དང་། གནས་དང་དུས་ངེས་མེད་དུ་ང་ཚོས་དུས་རྒྱུན་ནས་འཚོ་བའི་ཁྲོད་ཀྱི་གནས་ཚུལ་ཆུང་ཙག་དེ་རིགས་ལ་དོ་སྣང་མང་ཙམ་བྱས་པ་དང་།  ཡང་ནས་ཡང་དུ་དྲན་སྐུལ་དང་སྦྱོང་བརྡར་སོགས་བྱས་ཚེ་ཕྲུ་གུས་རང་ཉིད་ཀྱི་འཚོ་བའི་ལག་ལེན་ཁྲོད་དུ་གང་འདྲ་བྱས་ན་འགྲིག་མིན་ཤེས་པ་ཐུབ་པ་དང་། རང་གིས་རང་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཆགས་ཏེ་རང་གིས་རང་སྲུང་སྐྱོབ་གང་ལེགས་བྱེད་ཐུབ།  (བསོད་དབང་གིས་སྒྱུར། ཚེ་ཆོས་ལགས་ཀྱིས་ཞུས)

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།