དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཕྲུ་གུ་སྐྱེས་རྗེས་སེམས་མི་སྐྱིད་པ་ཇི་ལྟར་བྱུང་བ་ཡིན་ནམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗多拉   |     སྤེལ་དུས།  2016-10-28

    རང་རྒྱལ་དུ་50%ནས་75%ཙམ་གྱི་སྦྲུམ་མ་ཚང་མ་ཕྲུ་གུ་སྐྱེས་རྗེས་ཀྱི་ཉིན་10ཡི་ནང་དམིགས་བསལ་གྱི་རྒྱུ་རྐྱེན་གང་ཡང་མེད་པར་བློ་རྩ་བརྟན་པོ་མེད་པ་དང་། ལམ་སེང་ངུ་བྲོ་བ། སྒྱིད་ལུག་སྣང་ཚུལ་ཐོན་པ། ཚ་གི་ཚི་གེ་བྱེད་པ། སེམས་འགུལ་ཐེབས་སླ་བ། གཉིད་ཡག་པོ་མི་ཁུག་པ་སོགས་འབྱུང་སྲིད། དེ་ཡང་ཕྲུ་གུ་སྐྱེས་རྗེས་ཀྱི་ཉིན་གསུམ་པར་གནས་ཚུལ་དེ་རིགས་ཐོན་མང་བ་འདི་ནི་ཕྲུ་གུ་སྐྱེས་རྗེས་ཀྱི་སེམས་མི་སྐྱིད་པ་ཞེས་པ་དེ་ཡིན།

    མིག་སྔར། སྤྱི་ཚོགས་དང་སྦྲུམ་མ་རང་ཉིད་ཀྱི་སེམས་ཁམས་དང་རྒྱུ་རྐྱེན་ནི་ཕྲུ་གུ་སྐྱེས་རྗེས་སེམས་སྡུག་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ལ། ཧ་ལམ་ཕྲུ་གུ་སྐྱེས་རྗེས་བུད་མེད་ལ་ཕོག་སླ་པའི་ནད་གཞི་ཡིན་པར་འདོད། དེ་བཞིན་གཉེན་སྒྲིག་ལ་ཉེན་ཁ་འཕྲད་པ་དང་། འཆར་གཞི་མེད་པའི་མངལ་འཁོར་བ། འཚོ་བར་དཀའ་ངལ་འཕྲད་པ། ཕྲུ་གུ་སྐྱེ་དུས་སེམས་ལ་ཕོག་ཐུག་བྱུང་བ། ཕྲུ་གུ་ཕོ་མོ་འདོད་བློ་བཞིན་མ་བྱུང་བ། ཕྲུ་གུ་སྐྱེས་རྗེས་གཟུགས་བྱད་སླར་གསོ་མ་ཐུབ་པར་སེམས་ཕྲལ་བྱུང་བ་སོགས་འབྱུང་སྲིད། ད་དུང་ཕྲུ་གུ་སྐྱེས་རྗེས་འོ་མ་སྟེར་བ་དང་། ཕྲུ་གུར་ལྟ་སྐྱོང་བྱེད་དགོས་པ། གལ་སྲིད་མི་གཞན་གྱི་རོགས་པ་མེད་པ་དང་སེམས་ཁུར་དང་ལྟ་སྐྱོང་དང་དེ་བཞིན་བསམ་བློའི་སློབ་གསོ་གཏོང་མཁན་མ་བྱུང་བ་བཅས་ཀྱིས་སྦྲུམ་མ་ཡིད་ཐང་ཆད་པར་འགྱུར་གྱི་ཡོད།

    ནང་མིའི་བརྩི་འཇོག་དང་། སེམས་ཁུར་ནི་སེམས་མི་སྐྱིད་པ་སེལ་ཐབས་བྱེད་པའི་ཐབས་ཤེས་ཡག་ཤོས་ཤིག་ཡིན། སྦྲུམ་མ་ཁ་ཤས་ཀྱི་ནང་མིས་ཕྲུ་གུའི་ཕོ་མོ་དང་ལྗིད་ཚད་ལ་སྣང་ཆེན་བྱེད་པ་ལས་སྦྲུམ་མའི་བདེ་ཐང་ལ་དོ་སྣང་རྩ་བ་ནས་མི་བྱེད་པ་དང་། གཞན་ཡང་མའི་འོ་མ་ནི་ཕྲུ་གུ་སྐྱོང་བའི་འཚོ་བཅུད་ཡག་ཤོས་ཡིན་པར་བརྟེན། རྒན་རབས་ཚོས་སྦྲུམ་མར་འོ་མ་བབས་མང་བའི་བཟའ་བཏུང་མང་ཙམ་སྟེར་རྒྱུར་ཤུགས་སྣོན་རྒྱག་དགོས། སྦྲུམ་མ་ཕྲུ་གུ་སྐྱོང་བའི་ལག་ཆར་ངོས་འཛིན་བྱེད་པ་སོགས་བྱས་ན་སྦྲུམ་མར་ཕོག་ཐུག་འབྱུང་སླ། བཟའ་ཟླས་གང་ཐུབ་ཅི་ཐུབ་ཀྱིས་ཕྱིར་ཐོན་མི་དགོས་པ་བྱས་ནས་རང་འགུལ་ངང་ཁྱིམ་དུ་ཕྲུ་གུར་ལྟ་རྟོག་བྱེད་དགོས། སྦྲུམ་མ་ཡིད་ཐང་ཆད་སྐབས་རོགས་རམ་དང་། སེམས་གསོ། སེམས་ཁུར་བཅས་བྱེད་དགོས། ནང་མིས་ཀྱང་ཕྲུ་གུར་ལྟ་རྟོག་དང་རོགས་རམ་བྱེད་དགོས། བཟའ་འཐུང་དང་འོ་མ་སྟེར་བར་སྦྲུམ་མའི་བསམ་འཆར་དང་ལེན་བྱེད་དགོས།

    ཕྲུ་གུ་སྐྱེས་རྗེས་སེམས་མི་སྐྱིད་པ་ཆགས་པར་ཧ་ལམ་སྨན་གྱིས་བཅོས་མི་དགོས་པར་མང་ཆེ་བ་ཉིན་2ནས་3གྱི་དུས་སུ་རང་བཞིན་གྱིས་དྲག་སྐྱེད་ཡོང་གི་ཡོད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།