དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཞག་པོ་ལུས་པའི་ཟས་རིགས་བཟས་ན་སྐྲན་ནད་ཕོག་སླ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2016-10-28

    རྒྱུན་གཏན་འཚོ་བའི་ཁྲོད་མི་མང་ཆེ་བས་ཞག་པོ་ལུས་པའི་ཟས་རིགས་དཔེར་ན་ཚལ་དང་ཆུ་ཁོལ། སྒོ་ང་སོགས་སྤྱོད་མི་ཚར་བར་སླར་ཡང་ཕྱི་ཉིན་ཚ་པོ་བཟོས་ནས་ཟ་ཡི་ཡོད་པས། དེ་ནི་ཧ་ཅང་ཉེན་ཁ་ཆེ་བའི་བྱ་སྤྱོད་ཅིག་ཡིན་པ་རེད། དེར་བརྟེན་གཤམ་གསལ་དོན་ཚན་ཁག་ལ་དོ་སྣང་བྱེད་དགོས་པ་སྟེ།

    ① ཞག་པོ་ལུས་པའི་མོག་རོ་དཀར་པོ། མོག་རོ་དཀར་པོ་ནི་འཚོ་བཅུད་ཧ་ཅང་ཕུན་སུམ་ཚོགས་པའི་ཟས་རིགས་ཤིག་ཡིན་པས། མི་མང་པོ་ཞིག་གིས་རྒྱུན་དུ་མོག་རོ་དཀར་པོའི་ཐང་བསྐོལ་བར་དགའ་ཞིང་། མོག་རོའི་ཐང་བསྐོལ་རྒྱུ་མང་དྲགས་པའི་རྐྱེན་གྱིས་ལྷག་མ་ལུས་པ་སླར་ཡང་ཕྱི་ཉིན་ཚ་པོ་བཟོས་ནས་བཏུངས་ཀྱི་ཡོད་པ་རེད། དེ་ནི་ཚན་རིག་དང་རྩ་བ་ནས་མཐུན་གྱི་མེད། རྒྱུ་མཚན་ནི་མོག་རོ་དཀར་པོ་ནི་འཚོ་བཅུད་ཧ་ཅང་ཕུན་སུམ་ཚོགས་པའི་ཟས་རིགས་ཤིག་ཡིན་མོད། འོན་ཏེ་ཞག་པོ་ལུས་ན་སྔར་གྱི་འཚོ་བཅུད་རྣམས་མེད་པར་འགྱུར་བ་མ་ཟད་། ད་དུང་ལུས་པོར་གནོད་པའི་རྒྱུ་ཆ་ཡཱ་ཤའོ་སོན་ཡན་ཟེར་བ་འབོར་ཆེན་ཐོན་གྱི་ཡོད་པས་བཏུངས་དྲགས་ན་སྐྲན་ནད་ཕོག་སྲིད།

    ② ཞག་པོ་ལུས་པའི་ཆུ་ཁོལ། རྒྱུན་དུ་ཆུ་ཁོལ་ནས་སྐར་མ་3ནས་5བར་སོང་རྗེས་ཡཱ་ཤའོ་སོན་ཡན་དང་དབྱང་འགྱུར་དངོས་རྫས་སོགས་ཀྱི་འདུས་ཚད་དམའ་ཤོས་ཡིན་པས། དེའི་སྐབས་སུ་བཏུངས་ན་ལུས་པོར་གནོད་སྐྱོན་གང་ཡང་མེད་པ་རེད། གལ་སྲིད་ཞག་པོ་ལུས་པའི་ཆུ་ཁོལ་བཏུངས་ན་ཆུ་ཁོལ་ནང་གི་ཡཱ་ཤའོ་སོན་ཡན་ལུས་པོའི་ནང་སླེབས་ཚེ་ཡཱ་ཤའོ་ཨན་ཟེར་བར་འགྱུར་འགྲོ་ཞིང་། དེས་སྐྲན་ནད་ཀྱི་ནད་གཞི་ཕོག་ཚད་མཐོ་རུ་འགྲོ་ཡི་ཡོད།

    ③ ཞག་པོ་ལུས་པའི་སྒོ་ང་། ཚན་རིག་མཁས་པ་མང་ཆེ་བའི་ངོས་འཛིན་ལ་ཞག་པོ་ལུས་པའི་སྒོ་ངར་གནོད་པ་ཡོད་མེད་གཙོ་བོ་བཙོས་ཟིན་པའི་སྒོ་ང་དེ་འཚོད་པོ་ཡོད་མེད་ལ་རག་ལས་པ་རེད། གལ་སྲིད་བཙོས་པའི་སྒོ་ང་དེ་འཚོད་པོ་དེ་ཙམ་མ་བྱུང་ན། སྒོ་ང་དེ་རིགས་ཞག་པོ་ལུས་ཚེ་འབུ་ཕྲ་སྐྱེ་འཕེལ་བྱེད་སའི་གནས་གཙོ་བོར་འགྱུར་གྱི་ཡོད་པས། སྒོ་ང་དེ་རིགས་བཟས་དྲགས་ན་ཕོ་རྒྱུ་མི་བདེ་བ་མ་ཟད། ད་དུང་གྲོད་པ་སྦོས་པ་སོགས་ཀྱི་སྣང་ཚུལ་ཐོན་སྲིད། གལ་སྲིད་བཙོས་པའི་སྒོ་ང་འཚོད་པོ་བྱུང་ན། སྤྱིར་བཏང་གྲང་མོར་བཞག་ན་ཆུ་ཚོད་48ཙམ་ཉར་ཐུབ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།