རྒྱ་རྩིས་དགུན་ཐ་ས་མོ་གླང་ཟླ་ཆུང་བ། ཚེས་5བྱི་བའི་ལྔ་ཆ་གསུམ་ནས་སྟོན་ཐ་མའི་རང་སྒང་ཟིན། བ་མོ་ཆེར་འབབ། ངང་པ་ལྷོར་འགྲོ འཁྱིར་ཆུར་ཁ་འཁྱགས་འོང་། ཆར་པ་ཁ་བར་འགྲོ ཞིང་འབྲོག་ཁུལ་དུ་བབ་ལ་གཞིགས་ཏེ་འཁྱགས་ཆུ་གཏོང་བ་དང་། ས་ཚན་སྲུང་རྒྱུའི་ལས་ཀར་དམ་འཛིན་བྱ་དགོས། ཚེས་19འབྲུག་གི་ལྔ་ཆ་གཅིག་ནས་ཚེས་20ཡོས་ཀྱི་ལྔ་ཆ་གཅིག་བར་ཉི་མ་ནག ཚེས་22ཡོས་ཀྱི་ལྔ་ཆ་གཅིག་ནས་ཕྱི་ཟླའི་དབུགས་ཐོབ། དགུན་ཟུག གྲང་བའི་ངར་འགོ་རྒྱས། ས་ལ་ཁ་འཁྱགས་འོང་། ཐག་ཆུ་དང་པོ་གཏོང་རན། ལྷགས་པ་ངད་གྲང་། སྟོད་བྱང་འབྲོག་པའི་ས་ཁུལ་དུ་ཁ་བ་ཆེ་ན་དབུས་གཙང་ཞིང་ཁུལ་དུ་དགུན་གྲང་། ཕྱི་ལོ་དབྱར་སྨད་ཞོད་ཅེས་ཟེར། ཞིང་ཁུལ་དུ་ལུད་གསོག་ལས་དོན་དམ་འཛིན་བྱེད་པ་དང་། འབྲོག་ཁུལ་དུ་ཕྱུགས་རིགས་དཀར་ནག་གི་ར་བ་དང་མངལ་སྦྲུམ་ལ་སྲུང་སྐྱོབ་ཡག་པོ་བྱ་དགོས། ཚེས་ཉེར་གཉིས་ལ་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན།
སྤྱི་ལ་ཟླ་འདིར་འབྱུང་བ་ས་ཁམས་ཤས་ཆེ་བས་ཡུལ་སྤྱིར་འཐིབས་ཤས་ཆེ་ཡང་ཁ་ཆར་གྱི་འབབ་ཚད་ཞན། གནམ་གཤིས་ཚ་གྲང་འགྱུར་ལྡོག་ཆེ། རླུང་བུ་ལྡང་ཞིང་ཐལ་རྡུལ་འཁྲིགས་པའི་ངོ་། བྱེ་བྲག་ཚེས་3ནས་ལྷག་སངས་སྤེན་གསུམ་ལྷོ་ནུབ་སྐར་མར་སྤྱོད་པ་དང་། ཟླ་སྨད་ནས་སངས་ཕུར་ཁྱིམ་གཅིག་ཏུ་འཛོམས་པས་། ལྷོ་རྒྱུད་དང་། ལྷོ་ནུབ། ནུབ་བྱང་རྒྱུད་བཅས་ལ་རང་བྱུང་གནོད་འཚེ་ཡོང་བར་དོགས། སྤྱིའི་འབབ་ཚེས་2、3、5、8、10、11、14、15、16、19、20、23、27、29བཅས་ཀྱི་སྐོར་ལ་ཡིན།