དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ས་མཐོར་འཕྲོད་པའི་རྒྱུད་འཛིན་ལམ་སྲོལ་ཞིབ་འཇུག་ཐད་རང་རྒྱལ་གྱི་ཚན་རིག་མཁས་ཅན་ལ་འཕེལ་རྒྱས་གསར་པ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-10-27

    རང་རྒྱལ་གྱི་ཚན་ཞིབ་མི་སྣས་མཚོ་བོད་ས་མཐོའི་འདོགས་ཁྱིར་ཞིབ་འཇུག་གཏིང་ཟབ་བྱས་པ་བརྒྱུད་འདོགས་ཁྱིའི་Xཚོས་ལེན་རྫས་ཕྲའི་ཨང་རྟགས་ཀྱི་གཞི་རྒྱུ་འགས་ས་མཐོར་འཕྲོད་པའི་ནུས་པ་གལ་ཆེན་ཤེས་རྟོགས་ཐུབ་པ་དང་དེ་ཐོག་ནས་རང་རྒྱལ་གྱི་ས་མཐོའི་འཕྲོད་ནུས་རྒྱུད་འཛིན་ལམ་སྲོལ་ཞིབ་འཇུག་ཐད་འཕེལ་རྒྱས་གསར་པ་བྱུང་བ་མཚོན་པ་དང་། ཞིབ་འཇུག་བྱས་འབྲས་དེ་ཉེ་ཆར་དྲ་ཐོག་བརྒྱུད་དབྱིན་ཇིའི་དབང་གྲགས་ལྡན་པའི་ཚན་རིག་དུས་དེབ《ཚན་རིག་སྙན་ཞུའི》ཐོག་སྤེལ་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོ་ཚན་རིག་ཁང་ཁུན་མིང་སྲོག་ཆགས་ཞིབ་འཇུག་སུའོ་ཡི་ཡོན་ཧྲི་ཀྲང་ཡ་ཕིང་དང་ཡུན་ནན་སློབ་ཆེན་གྱི་ཞིབ་འཇུག་པ་ཡུས་ལི་སོགས་ལས་གྲུབ་པའི་ཞིབ་འཇུག་ཚོགས་པས་མཚོ་བོད་ས་མཐོར་ཁྱད་དུ་ལྡན་པ་མ་ཟད། ད་དུང་ཀུན་གྱིས་དོ་ཁུར་བྱེད་པའི་སྒོ་ཁྱིའི་རིགས་འདོགས་ཁྱི་ཞིབ་འཇུག་བྱ་གཞི་དང་ཞིབ་འཇུག་དཔེ་མཚོན་བྱས་ཏེ་ས་བབ་མཐོ་ཁུལ་དུ་འཕྲོད་པའི་བརྒྱུད་རིམ་ནང་Xཚོས་ལེན་རྫས་ཕྲས་ཐོན་པའི་ནུས་པར་གཏིང་ཟབ་ལ་བརྒྱུད་རིམ་ལྡན་པའི་ངང་ཞིབ་འཇུག་བྱས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ས་བབ་མཐོ་བའི་ཁོར་ཡུག་ཏུ་འཕྲོད་པའི་རྒྱུད་འཛིན་ལམ་སྲོལ་ལ་ཞིབ་འཇུག་བྱ་རྒྱུ་ནི་སྔ་བར་ཕྱི་གསུམ་དུ་འཕེལ་འགྱུར་སྐྱེ་དངོས་རིག་པའི་ཞིབ་འཇུག་གི་གླེང་མང་བའི་གནད་དོན་ཞིག་ཡིན་པ་རེད། ཚན་ཞིབ་མི་སྣས་ས་བབ་མཐོ་ཁུལ་དང་འཚམ་པར་བྱེད་པའི་འབྲེལ་ཡོད་ཀྱི་འདེམས་སྒུག་གཞི་རྒྱུར་འཚོལ་ཞིབ་ཐུབ་ཡོད་མོད། འོན་ཀྱང་དེ་གོང་ཤེས་རྟོགས་ཐུབ་པའི་གཞི་རྒྱུ་དག་གཞི་རྒྱུའི་གྲུབ་ཆར་རྟག་ཏུ་ཚོས་ལེན་རྫས་ཕྲའི་ཁྱབ་ཁོངས་ལ་བྱས་པའི་དབྱེ་ཞིབ་འབྲས་བུ་ཡིན་པས་མི་རྣམས་ཀྱིས་ས་བབ་མཐོ་ཁུལ་དུ་འཕྲོད་པའི་རང་བཞིན་གྱི་འཕེལ་རིམ་ནང་ས་མཐོའི་དངོས་རིགས་Xཚོས་ལེན་རྫས་ཕྲས་ཐོན་པའི་ནུས་པ་གསལ་པོ་ཤེས་མེད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།