དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཤིང་ཏོག་ཟ་སྐབས་དོ་སྣང་བྱེད་དགོས་པ་འགའ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-10-26

    1.ཁ་ལག་བཟས་རྗེས་ལམ་སེང་ཤིང་ཏོག་བཟས་ན། ལྟོ་བ་སྦོས་སྐྲངས་དང་བཤང་བ་འགག་པའི་སྣང་ཚུལ་ཐོན་སྲིད། དེར་བརྟེན་ཁ་ལག་ཟས་རྗེས་ཀྱི་ཆུ་ཚོད་2ཕྱིན་རྗེས་དང་། ཁ་ལག་མ་བཟས་གོང་གི་ཆུ་ཚོད་1ཙམ་ལ་ཤིང་ཏོག་བཟས་ན་ལེགས།

    2.རུལ་བའམ་རུལ་ཉེར་ཡོད་པའི་ཤིང་ཏོག་བཟས་ན་གྲོད་པ་བཤལ་བ་དང་། ཕོ་བ་དང་རྒྱུ་མའི་དོས་དྲག་གཉན་ཚད་ཕོག་སྲིད། ལྷག་པར་དུ་འབྲི་ཏ་ས་འཛིན་དང་། ཤིས་ཀྭ་ཕྱེད་གཤགས་ཉོ་དུས་ངེས་པར་ཡིད་གཟབ་བྱེད་དགོས།

    3.ཨ་རག་ཉིང་ཁུས་ཤིང་ཏོག་འཁྲུ་རྒྱུ་མེད། ཨ་རག་ཉིང་ཁུས་ཤིང་ཏོག་བཀྲུས་ན་ཤིང་ཏོག་ངོས་ཀྱི་ནད་འབུ་ཕྲ་མོ་གསོད་ཐུབ་ནའང་། ཨ་རག་ཉིང་ཁུ་དང་ཤིང་ཏོག་གི་སྐྱུར་རྩིའི་བར་རྫས་འགྱུར་ནུས་པ་ཐོན་ནས་ཤིང་ཏོག་གི་འཚོ་བཅུད་དམའ་རུ་འགྲོ་སྲིད།

    4.ཤིང་ཏོག་ཕལ་མོ་ཆེར་ནད་འབུ་སྔོན་འགོག་བྱེད་ཆེད། ཞིང་སྨན་མང་པོ་བཏོར་ཡོད་པས་ཤིང་ཏོག་གི་ངོས་ལ་སིམས་ནས་བསྡད་ཡོད། དེར་བརྟེན་ཤིང་ཏོག་པགས་པ་བཤུ་ཚར་རྗེས་ཟ་དགོས།

    5.ཞོགས་པ་ལངས་མ་ཐག་ཤིང་ཏོག་བཟའ་རྒྱུ་མེད། ཤིང་ཏོག་མང་ཆེ་བ་གྲང་མོ་ཡིན་པས། གྲོད་པ་སྟོང་པར་ཤིང་ཏོག་བཟས་ན་ཕོ་རྒྱུ་ལ་གནོད་པ་ཡོད། ཕྱི་དྲོ་ཆུ་ཚོད་3-4བར་ལ་ཤིང་ཏོག་བཟས་ན་འཚོ་བཅུད་འཇུ་ལེན་བཟང་།

    6.ཤ་རྒྱགས་པས་ཤིང་ཏོག་མང་པོ་བཟའ་མི་ཉན། ཤ་རྒྱགས་པ་ལ་ལས་ཤ་རིད་དུ་འགྲོ་ཆེད་ལྟོ་འཛེམས་ནས་ཤིང་ཏོག་ཁོ་ན་བཟའ་བས། ཁྲག་མངར་དང་ཁྲག་ཚིལ་མཐོ་བའི་ནད་ཕོག་སླ།

    7.ཤིང་ཏོག་ངང་ལག་མ་སྨིན་གོང་བཟའ་མི་ཉན། སྨིན་ཟིན་པའི་ཤིང་ཏོག་ངང་ལག་བཟས་ན་བཙོག་པ་གཏོང་བདེ་རུ་འགྲོ་ཐུབ། ཡིན་ནའང་ངང་ལག་མ་སྨིན་པར་བཟས་ན་དེ་ལས་ལྡོག་སྟེ་བཤང་བ་འགག་སྲིད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།