དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཕྲུ་གུ་སྐྱེས་རྗེས་ཀྱི་བརྟག་དཔྱད་ལ་དགེ་མཚན་གང་ཡོད་དམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2016-10-26

    ཕྲུ་གུ་སྐྱེས་རྗེས་རྒྱགས་པ་ཆགས་པ་ནི་བུད་མེད་མང་ཆེ་བར་ཡོང་སྲིད་པའི་གནད་དོན་ཞིག་ཡིན། འོ་ན་ཕྲུ་གུ་སྐྱེས་རྗེས་རྒྱགས་པ་མི་ཆགས་པ་ཇི་ལྟར་བྱེད་དགོས་སམ་ཞེ་ན།

    ①བློ་བདེ་བག་ཕེབས། སྦྲུམ་མ་ཕྲུ་གུ་སྐྱེས་རྗེས་སེམས་མི་སྐྱིད་པས་ཟགས་ཐོན་ནུས་པ་ཚུལ་མིན་དུ་འགྲོ་བས་སྙིགས་དོར་གསར་ལེན་ལ་ཤུགས་རྐྱེན་ཐེབས་ཤིང་། རྒྱགས་པ་ཆགས་པ་སོགས་ཀྱི་ནད་འབྱུང་བ་ཡིན། ཕྲུ་གུ་སྐྱེས་རྗེས་སེམས་སྐྱིད་པོ་བྱས་ནས་ཞེ་སྣང་ལངས་པ་དང་སུན་སྣང་བྱེད་པ། ཁོང་ཁྲོ་ལངས་པ་སོགས་ཀྱི་བསམ་བློ་ངན་པའི་ཕོག་ཐུག་མི་ཡོང་བ་བྱེད་དགོས།

    ②བཟའ་བཏུང་རན་པ། ཕྲུ་གུ་སྐྱེས་རྗེས་འོ་མ་སྟེར་རིང་རྒྱུན་གཏན་ལས་བཅུད་མང་བ་དགོས་པ་ཡིན། འོན་ཀྱང་བཟའ་བཏུང་ལ་གོ་རིམ་ལྡན་པ་བྱེད་དགོས་ཏེ་ཉིན་གཅིག་ལ་ཟས་ཐེངས་མང་བཟའ་བ་དང་། དུས་ཐོག་ཏུ་བཟའ་བའི་གོམས་སྲོལ་ཆགས་པ་དགོས། ཟས་ཀྱི་གྲུབ་ཆ་སྤྲི་དཀར་མཐོ་ཙམ་དང་། འཚོ་བཅུད་རིགས། མངར་ཆ། ཞག་ཚི་བྱུང་ན་ལེགས་ཤིང་ཚད་མཐུན་གྱིས་ཟས་སྦྱོར་བྱས་ཏེ་ཤ་ཡོད་མེད་ཀྱི་ཚལ་རེས་མོས་བྱེད་པ། ཤིང་ཏོག་མང་ཙམ་བཟའ་དགོས།

    ③ལུས་སྦྱོང་ལ་བརྩོན་དགོས། ཕྲུ་གུ་བདེ་བླག་ངང་སྐྱེས་རྗེས་ཆུ་ཚོད་8དང་གཤགས་བཅོས་བྱས་ནས་སྐྱེས་པར་ཆུ་ཚོད་24ཕྱིན་རྗེས་ཉལ་ཁྲི་ནས་བབས་ཏེ་ལུས་སྦྱོང་བྱས་ཆོག་ལ། དེ་རྗེས་རང་ཉིད་ཀྱི་ལུས་པོར་གཞིགས་ནས་འགུལ་སྐྱོད་ཤུགས་ཆུང་ཙམ་བྱས་ཆོག་པ་སྟེ་གདོང་བཀྲུ་བ་དང་། ལག་པ་བཀྲུ་བ། ཆུ་བླུགས་པ། གསང་སྤྱོད་ལ་འགྲོ་བ་སོགས་བྱས་ཆོག་པ་མ་ཟད། ཕྲུ་གུ་སྐྱེས་རྗེས་ཀྱི་ལུས་སྦྱོང་ཡང་བྱས་ཆོག ཟླ་བ་འཁོར་ནས་ལུས་པོ་གསོས་པ་དང་སྦྲགས་ཉིན་ལྟར་འཆམ་འཆམ་དང་ལུས་རྩལ་རྩེ་བ་སོགས་བྱེད་དགོས།

    ④མའི་འོ་མས་གསོ་དགོས། མའི་འོ་མས་གསོ་སྐྱོང་བྱས་ན་ཕྲུ་གུའི་འཚར་ལོངས་ལ་ཕན་ཐོགས་ཡོད་པ་མ་ཟད། ཕྲུ་གུ་སྐྱེས་རྗེས་རྒྱགས་པ་ཆགས་པ་སྔོན་འགོག་བྱེད་ཐུབ། མའི་འོ་མས་གསོས་ན་འོ་མ་ཟགས་ཐོན་ལ་ནུས་པ་ལྡན་ནས་མའི་གཟུགས་པོའི་སྙིགས་དོར་བཅུད་ལེན་མགྱོགས་སུ་འགྲོ་ཞིང་ལུས་པོའི་འཚོ་བཅུད་ལྷག་མ་རྣམས་ཕྱིར་གཏོང་བྱེད་ཐུབ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།