དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་གྲྭ་འབྲིང་ཆུང་གི་བོད་རིགས་སློབ་མས་ནན་ཅིང་གྲོང་ཁྱེར་དུ་སློབ་སྦྱོང་དང་ཡུལ་སྐོར་བྱེད་སྒོར་ཞུགས་པ།

  • ཡོང་ཁུངས།  ​ མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2016-10-23

    ཉེ་དུས“རྒྱ་བོད་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ”ཅེས་པའི་ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ནན་ཅིང་དུ་སློབ་སྦྱོང་དང་ཡུལ་སྐོར་དུ་སྐྱོད་མཁན་ཚོགས་པའི་བོད་རིགས་སློབ་མ་30དང་དགེ་རྒན་5ཡིས་ནན་ཅིང་གྲོང་ཁྱེར་དུ་སློབ་སྦྱོང་དང་ཡུལ་སྐོར་བྱེད་སྒོར་ཞུགས་པ་རེད། དགེ་སློབ་ཚོ་སྔ་རྗེས་སུ་ནན་ཅིང་གི་སློབ་གྲྭ་ཆེ་འབྲིང་ཆུང་ཁག་གཅིག་དང་སློབ་མའི་སྤྱི་ཚོགས་ལག་ལེན་རྟེན་གཞིར་བསྐྱོད་དེ་སློབ་ཁྲིད་ལྟ་སྦྱོང་དང་། སློབ་སྦྱོང་མྱོང་རོལ། ལག་ལེན་སྤེལ་རེས་བཅས་བྱས་པ་དང་འབྲེལ་ཡུས་ཧ་ཐའེ་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དང་། ནན་ཅིང་དངོས་མང་རྟེན་རྫས་བཤམས་མཛོད་ཁང་། ལ་པེའི་བཞུགས་གནས་རྙིང་པ་སོགས་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་པ་རེད།

    འདི་ནི་སློབ་གྲྭ་འབྲིང་ཆུང་གི་བོད་རིགས་སློབ་མས་ནན་ཅིང་ཤར་ལྷོ་སློབ་ཆེན་དུ་ལྟ་སྐོར་བྱེད་པའི་གནས་ཚུལ་ཡིན་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།