དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཆམ་པ་ཕོག་སྐབས་བསྟེན་དུ་རུང་བའི་བོད་སྨན་འགའ།

  • ཡོང་ཁུངས།  ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   |     རྩོམ་པ་པོ།  索朗多拉   |     སྤེལ་དུས།  2016-10-18

    ①མ་ནུ་བཞི་ཐང་།

    ནུས་པ་མྱུར་བ། ཁྱད་པར་དུ་ཆམ་པ་ཐོག་མའི་དུས་སུ་བསྟེན་པའི་སྨན།

    ②ནོར་བུ་བདུན་ཐང་།

    ནུས་པ་མྱུར་བ།

    ③འཕྲུལ་ཐང་།

    ནུས་པ་མྱུར་བ།

    ④ཆམ་ཐང་ཉེར་ལྔ།

    ནུས་པ་མྱུར་བ་དང་ཆམ་པ་ལྕི་མོ་ལ་ཕྱི་སྨན་ལས་ནུས་པ་མཆོག་གོ །

    ⑤སྤང་ཁྲག་བཅུ་གཉིས།

    ནུས་པ་གོང་སྨན་ལས་ཅུང་དལ་བ་དང་། ཆམ་པ་ལས་བྱུང་བའི་མགོ་གཟེར་བ་དང་རྐང་ལག་ཉིང་ལག་མི་བདེ་བའི་རིགས་སོགས་ལ་ཕན་ནོ། །

    ⑥ལུག་མུར་བདུན་པ།

    ནུས་པ་ཡང་གོང་གི་ཁུ་བའི་སྨན་ལས་ཅུང་དལ་བ་དང་། ཆམ་པ་ལས་བྱུང་བའི་གློ་ལུ་བ་དང་སྐད་འགགས་པ་ལ་ཕན་ནོ། །

    ⑦ལོ་གྱོན་རིལ་བུའམ་ལོ་གྱོན་མ།

    ནུས་པ་གོང་གི་ཁུ་བའི་སྨན་ལས་ཅུང་དལ་བ་དང་། ཆམ་པ་ལས་བྱུང་བའི་མགོ་གཟེར་བ་ལ་ཕན་ནོ། །

    དེ་ནས་གོང་དུ་བསྟན་པའི་སྨན་བདུན་པོ་ནི་ཆམ་པའི་ནད་རིགས་ལ་ཤིན་ཏུ་ཕན་པའི་སྨན་ཡིན་པ་དང་། ལུས་ལ་ཞོར་སྐྱོན་ཡང་མེད་དོ། །

    ཁྱད་པར་དུ་ལོ་གྱོན་མ་དང་ཡང་ན་སྤང་ཁྲག་བཅུ་གཉིས་ནི་རིལ་བུ་གཉིས་གསུམ་ཙམ་ཆུ་བསྐོལ་༥༠༠mLནང་དུ་སྦང་བའི་ཁུ་བ་ཞོགས་པ་རེ་ལ་མཁུར་བཀང་གཅིག་འཐུང་ན་ཆམ་ནད་སྔོན་འགོག་གི་ནུས་པ་ཡོད་དོ། །

    འོན་ཀྱང་དངོས་སུ་ཆམ་པ་ཕོག་སོང་ན། སྨན་པའི་མདུན་དུ་ཕེབས་ནས་སྨན་པའི་གསུང་ལ་གསན་ན་ཤེས་སོ། །

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།