དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ས་མཐོའི་འཕེལ་རྒྱས་ཆེད་དུ་སྒུལ་ཤུགས་བསྣན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗多拉   |     སྤེལ་དུས།  2016-10-09

    ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་། ཚན་རྩལ་པུའི་སྤྱི་འདོམས་མཐུན་སྦྱོར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་བཅས་ལ་བརྟེན་ནས། རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་རྒྱ་ཆེའི་ཚན་རྩལ་ལས་དོན་པའི་སྣེ་ཁྲིད་དེ། ལས་ཀ་ཧུར་ཐག་བསྒྲུབས་པ་དང་གསར་འབྱེད་གསར་གཏོད་བྱས་རྐྱེན། བོད་ཀྱི་ཚན་རྩལ་ལས་དོན་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ནས་ཚན་རྩལ་འདི་ཉིད་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འདེགས་སྐྱོར་སྟོབས་ཤུགས་གཙོ་བོ་ཞིག་ཏུ་གྱུར།

    ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་ནུས་པ་ཆེ་རུ་སོང་བ།

    “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བ་དང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་འཆར་འགོད་རྣམ་གྲངས་སྣ་ཚོགས་སྟོང་ཕྲག་ལ་ཉེ་བ་ལག་བསྟར་བྱས་པ་དང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཚན་རྩལ་འཆར་འགོད་རྣམ་གྲངས་དང་དེ་བཞིན་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་24.1དོན་འཁྱོལ་བྱས་པའི་ནང་། ཞིང་འབྲོག་ལས་ཀྱི་ནོར་སྲིད་ཚན་རྩལ་གྱི་གཏོང་སྒོ་དེ་ནོར་སྲིད་ཚན་རྩལ་གཏོང་སྒོའི་བསྡོམས་འབོར་གྱི་60%ལས་བརྒལ་བ་དང་། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་། སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་འགྲོ་གྲོན་ལོར་ཆ་སྙོམས་30.4%མཐོ་རུ་སོང་ནས། ས་གནས་ནོར་སྲིད་ཀྱི་ཚན་རྩལ་གཏོང་སྒོས་ས་གནས་ནོར་སྲིད་གཏོང་སྒོའི་བཟུང་ཚད་0.56%མང་དུ་སོང་བ་དང་། མི་ཁྲིར་ཁེ་བེད་བདག་ཐོབ་དབང་ཚད་0.26ནས་0.45བར་མང་དུ་སོང་བ། རྒྱལ་ཁབ་ཚན་རྩལ་ཡར་ཐོན་གྱི་དམིགས་བསལ་བྱ་དགའ་1དང་། བྱ་དགའ་རིམ་པ་གཉིས་པ་2 མི་1ལ་ཧོ་ལེན་ཧོ་ལིའི་ཐེབས་རྩའི་བྱ་དགའ་ཐོབ་པ། ཚན་རྩལ་ཡར་ཐོན་གྱིས་དཔལ་འབྱོར་འཕར་རྒྱུར་ནུས་པ་འདོན་ཚད་40%དང་། ཞིང་འབྲོག་ལས་གྱི་ཚན་རྩལ་ཡར་རྒྱས་ཡོང་བར་ནུས་པ་འདོན་ཚད་45% ཚན་རྩལ་ཁྱབ་གདལ་གཏོང་ཚད་90%བཅས་ཟིན་ནས་ཚན་རྩལ་གསར་གཏོད་ཀྱིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་བཏོན་པའི་འདེགས་སྐྱོར་ནུས་པ་ཆེས་ཆེར་སོང་བ་རེད།

    ཚན་རྩལ་དམངས་ཕན་གྱིས་སྤྱི་ཚོགས་ཡར་རྒྱས་ཡོང་བར་འདེགས་སྐྱོར་ཐུབ་པ།

    ཚན་རྩལ་དམངས་ཕན་གྱིས་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད་དེ། རྒྱལ་ཁབ་ཚན་རྩལ་དམངས་ཕྱུག་སྟོབས་ཆེན་རྫོང་གི་ཆེད་དོན་བྱ་སྤྱོད་ཀྱི་འཆར་གཞི་ལྗོངས་ཡོངས་ཀྱི་རྫོང་74ལ་བསྟར་ནས་རྫོང་ཁོངས་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་ཐུབ་པ་དང་། རྨང་བརྟན་དམངས་ཕན་གྱི་ཚན་རྩལ་ཁྱབ་གདལ་བྱ་སྤྱོད་འཆར་གཞིའི་རྣམ་གྲངས་ལ་ཕན་འབྲས་ཆེན་པོ་ཐོན་ནས་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་ལས་དོན་གཏིང་ཟབ་སྤེལ་རྒྱུར་རྒྱབ་སྐྱོར་ནུས་ལྡན་ཐུབ་པ། ཚན་རྩལ་དཔེ་སྟོན་རྫོང་དང་། ཤང་། གྲོང་ཚོར་སྔོན་ཐོན་གྱི་གོ་སྤྱོད་ལག་རྩལ་ཁག་གཅིག་སྤྱད་དེ་ཐོན་འཕར་འབབ་འཕར་10%ཡན་བྱུང་བ། གློག་མེད་པའི་ས་ཆར་གློག་ཤུགས་བསྐྲུན་རྒྱུ་དང“གསེར་གྱི་ཉི་མའི”འདུ་འགོད་རྣམ་གྲངས་མངའ་རིས་དང་ནག་ཆུ་སོགས་ས་ཁུལ་གྱི་སྲིད་འཛིན་གྲོང་ཚོ་400ལ་ཉེ་བར་ཁྱབ་སྟེ་མི་ཁྲི་13ཙམ་གྱི་གློག་མེད་པའི་དཀའ་ངལ་བསལ་བ་རེད།

    བོད་ལྗོངས་གསར་པ་བསྐྲུན་རྒྱུར་ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པ།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ལྗོངས་ཡོངས་ཀྱི་ཚན་རྩལ་ལས་དོན་ཐད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར་འདུ་ཤེས་ཆེན་པོ་ལྔ་དང་། “གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་རྒྱུའི”གཙོ་རྐང་གཅིག་ལག་ལེན་བསྟར་ནས། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་སླེབས་སྐབས། སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་གཏོང་སྒོས་GDPབསྡུར་ཚད་ཀྱི་0.6%བཟུང་བ་དང་། ཚན་རྩལ་ཡར་ཐོན་གྱིས་དཔལ་འབྱོར་འཕར་རྒྱུར་ནུས་པ་འདོན་ཚད་45%དང་། ཚན་རྩལ་ཡར་ཐོན་གྱིས་ཞིང་འབྲོག་ལས་འཕེལ་རྒྱས་ལ་ནུས་པ་འདོན་ཚད་50%ཟིན་པ་བྱས་ནས། ས་མཐོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཚན་རྩལ་གསར་གཏོད་མ་ལག་ཅིག་སྤྱིར་ཆགས་པའི་ཁར། ཁེ་ལས་ཀྱི་ལག་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་རགས་ཙམ་གཏན་འཁེལ་བྱས་ཏེ། བོད་ཀྱི་ས་མཐོའི་ཚན་རྩལ་གསར་གཏོད་ལྟེ་གནས་ཐོག་མར་བཙུགས་ནས། ཚན་རྩལ་གསར་གཏོད་ཀྱི་ནུས་པ་ནུབ་ཕྱོགས་ས་ཁུལ་གྱི་ཆ་སྙོམས་ཆུ་ཚད་ལ་ཉེ་བར་སླེབས་པའམ་སླེབས་པར་བྱེད་པ་དང་། ལེགས་ཆའི་རིག་ཚན་ཁྱབ་ཁོངས་ཀྱི་ཞིབ་འཇུག་རྒྱལ་ནང་གི་སྔོན་ཐོན་ཆུ་ཚད་ལ་སླེབས་པར་བྱེད་པ། ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་ལྟེ་བའི་ལག་རྩལ་གཙོ་བོར་ཚད་བརྒལ་ཆེན་པོ་ཡོང་བ་བྱས་ནས་བདེ་སྡོད་ལས་བརྩོན་དང་། འགན་ལེན་ཏན་ཏིག ཁྱིམ་གཞིས་མཛེས་སྡུག མི་རིགས་མཐུན་སྒྲིལ། ཤེས་དཔལ་འཆམ་མཐུན་བཅས་ལྡན་པའི་བོད་ལྗོངས་གསར་པ་བསྐྲུན་རྒྱུར་ཚན་རྩལ་གྱིས་འདེགས་སྐྱོར་ནུས་ལྡན་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།