དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་སྒོ་དབྱེ་བའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།   |     རྩོམ་པ་པོ།  索朗多拉   |     སྤེལ་དུས།  2016-10-08

    སྤྱི་ཟླ ༡༠ ཚེས ༡ ཉིན་གྱི་སྔ་དྲོ།  བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་སྒོ་དབྱེ་བའི་མཛད་སྒོ་འཚོགས་པ་རེད།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་རྡོ་ཐོག་མཛད་སྒོར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་སྟེ།  བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དངོས་སུ་སྒོ་དབྱེ་འཁོར་སྐྱོད་བྱས་པ་དེས།  ཚན་རྩལ་ཤེས་བྱ་ཁྱབ་གདལ་གཏོང་རྒྱུ་དང་ཚན་རིག་གི་བསམ་བློ་བརྒྱུད་སྤེལ་གཏོང་རྒྱུ།  ཚན་རིག་གི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ།  ཚན་རིག་གི་བྱ་ཐབས་དར་སྤེལ་གཏོང་རྒྱུ།  སྤྱི་དམངས་ཀྱི་ཚན་རིག་རིག་གནས་བྱང་ཚད་མཐོ་རུ་གཏོང་རྒྱུ།  གསར་གཏོད་སྐུལ་སྤེལ་གྱི་གོང་འཕེལ་ཐབས་ཇུས་ལག་བསྟར་བྱེད་རྒྱུ།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུ་བཅས་ཀྱི་ཐད་གལ་ཆེའི་ནུས་པ་ཐོན་རྒྱུ་རེད་ཅེས་གསུངས་པ་རེད།།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།