དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཉིང་ཁྲི་གྲོང་ཁྱེར་གྱིས་ནགས་ལས་དཔལ་འབྱོར་ལ་ཚན་རྩལ་གྱིས་ལེགས་སྐྱེས་འབུལ་ཚད་མཐོ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2016-10-01

    གསར་འགོད་པས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2015ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་ནགས་ཁྲོད་ཐོན་ཁུངས་དང་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ལག་བསྟར་རྣམ་གྲངས་ལ་གཞིགས་ནས། མ་དངུལ་སྒོར་ཁྲི་1600ལྷག་ཙམ་བཏང་སྟེ་ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བས་ཕན་འབྲས་ཡག་པོ་ཐོན་ཡོད་པ་རེད།

    ཚན་རྩལ་ལ་བརྟེན་ནས་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་འཕེལ་རྒྱས་བཏང་སྟེ་ཉིང་ཁྲིའི་བོད་སྨན་གྱི་སྤུས་རྟགས་བཏོད་པ། 2015ལོར་ཉིང་ཁྲི་གྲོང་ཁྱེར་གྱིས་ཁང་དང་སློབ་གྲྭ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྟོབས་ཆེའི་ཁེ་ལས་མཉམ་འབྲེལ་དམ་ཟབ་བྱས་ཏེ་བོད་སྨན་གྱི་སྨན་རྩྭ་སྣ་ཚོགས་དཔེ་སྟོན་འདེབས་འཛུགས་བྱས་པ་དང་། རྒྱལ་ཁབ་ཀྱི་དམངས་ཕྱུག་རྫོང་དར་རྣམ་གྲངས་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཚོད་ལྟ་ཁུལ་གྱི་ཆེད་དོན་རྣམ་གྲངས་དང་ཚན་རྩལ་རྣམ་གྲངས་ལ་བརྟེན་ནས། ཉིང་ཁྲིའི་སྡོང་ཕུང་དང་རུ་ཏ་སོགས་བོད་སྨན་གྱི་སྨན་རྩྭ་བཏབ་པ་དང་སྡོང་ཕུང་མུའུ་རེར་ཆ་སྙོམས་ཐོན་ཚད་རྒྱ་མ་3000ཡན་ཟིན་ཡོད་པ་རེད། དེ་དང་ཆབས་ཅིག ཉིང་ཁྲི་གྲོང་ཁྱེར་གྱིས“ཉིང་ཁྲིའི་སྡོང་ཕུང”དང“ཉིང་ཁྲིའི་ཀོ་ཤའི”རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོན་རྫས་གཏོད་རྒྱུ་གཙོ་གནད་དུ་བྱས་ཏེ། ཁེ་ལས་ཀྱིས་ས་གནས་དེ་གའི་སྡོང་ཕུང་དང་ཀོ་ཤས་རྒྱུ་ཆ་བྱས་པའི་འཕྲོད་སྦྱོར་ཐོན་རྫས་གསར་སྤེལ་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད་པ་རེད།

    བཟའ་བཅའ་དང་སྨན་རྫས་སུ་སྤྱོད་པའི་ཤ་མོ་དེ་ཉིང་ཁྲི་གྲོང་ཁྱེར་གྱི་ནགས་ཁྲོད་ཐོན་ཁུངས་འཕེལ་རྒྱས་ཀྱི་གཙོ་གནད་ཅིག་ཏུ་གྱུར་ཞིང་། ཉིང་ཁྲི་གྲོང་ཁྱེར་ནི་རང་རྒྱལ་གྱི་ནགས་ཁུལ་ཆེ་གྲས་ཨང་གསུམ་པ་ཡིན་པ་དང་བོད་ཀྱི་ནགས་ཚལ་གྱི80%དེ་གར་འཛོམས་ཡོད་པས་དེ་ཁུལ་ནི་རི་སྐྱེས་ཤ་མོ་སྣ་ཚོགས་སྐྱེས་ཡུལ་ཞིག་ཡིན་ཞིང་བཟའ་རུང་བའི་ཤ་མོའི་རིགས་120ལྷག་ཙམ་ཡོད་པ་རེད། ཉེ་ལམ་ལོ་ཤས་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་ཚན་རྩལ་རྣམ་གྲངས་ལག་ལེན་བསྟར་རྒྱུ་འཇུག་གཞིར་བྱས་ཏེ། དེ་ཁུལ་གྱི་ཕུལ་བྱུང་ཚན་རྩལ་ཆེད་མངགས་པས་སྣེ་འཁྲིད་དེ་གྲོང་གསེབ་ཏུ་སྡོང་ཕུང་དང་། ཀོ་ཤ། ལུག་གྲོད་ཤ་མོ་སོགས་མི་ཐབས་ལ་བརྟེན་ནས་འདེབས་པ་དང་མཉམ་འདེབས་ལག་རྩལ་དཔེ་སྟོན་བྱས་ནས། དེ་ཁུལ་གྱི་ཞིང་དུད་ཞུགས་རྒྱུར་སྐུལ་ཁྲིད་བྱས་པ་དང་ཞིང་འབྲོག་པའི་འདེབས་འཛུགས་དུད་ཚང་ལ་འབབ་འཕར་དམིགས་ཚད་མངོན་འགྱུར་ཡོང་བ་བྱས་ཡོད་པ་རེད།

    བསྡོམས་རྩིས་ལ་གཞིགས་ན། ཉེ་བའི་ལོ་གསུམ་རིང་ཉིང་ཁྲི་གྲོང་ཁྱེར་ཚན་རྩལ་ཅུས་ཁོངས་གཏོགས་ཚན་རྩལ་གསར་སྤེལ་སྤེལ་རེས་ཞབས་ཞུ་ལྟེ་གནས་ཀྱི་ཆེད་ལས་ལག་རྩལ་མི་སྣས་ཉིང་ཁྲི་གྲོང་ཁྱེར་གྱི་རི་སྐྱེས་བཟའ་བཅའ་དང་སྨན་སྤྱོད་ཀྱི་ཤ་མོའི་རིགས་800ལྷག་ཙམ་འཚོལ་བསྡུ་བྱས་ནས། གྲོང་ཁྱེར་ཡོངས་སུ་ཀོ་ཤའི་ཤ་མོ་འགྱིག་ཤོག་ཁྲི་120ལྷག་ཙམ་འདེབས་རྒྱུ་ཁྱབ་གདལ་བཏང་བར་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི་1000ཡན་ཟིན་ཡོད་པ་དང་། མོག་རོ་ནག་པོ་འགྱིག་ཤོག་ཁྲི་80ལྷག་ཙམ་ཁྱབ་གདལ་འདེབས་འཛུགས་བྱས་པར་ཐོན་རྫས་རིན་ཐང་སྒོར་ཁྲི་400ལྷག་ཙམ་ཟིན་ཡོད་པ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།