གྲིབ་སྐྱོན་ནད་དེ་ད་ཆ་ཁྱབ་ཆེ་རུ་འགྲོ་བའི་སྣང་ཚུལ་ཐོན་བཞིན་ཡོད་པ་དང་། གཞོན་དར་མི་ཚོགས་ཁྲོད་དུའང་ནད་དེ་ཐོན་མཁན་མང་པོ་ཡོད།
གྲིབ་སྐྱོན་མ་ཕོག་གོང“འཕྲིན་བརྡ”10ཐོན་སྲིད་པས་ཡིད་གཟབ་བྱེད་དགོས་པ་གཤམ་གསལ།
1.ལྕེ་ན་བ། 2.སྣ་ཁྲག་ཐོན་པ། 3.མགོ་ཡུར་འཁོར་བ། 4.མིག་གཅིག་གློ་བུར་ནག་པོ་ཆགས་པ། 5.ཡང་སེ་ཨ་སྟོང་རྒྱག་པ། 6.མཛུབ་མོ་སྦིར་བ། 7.གཏམ་སྨྲ་བའི་ཚིག་མི་གསལ་བ། 8.རྒྱུ་རྐྱེན་མི་གསལ་བར་འགྱེལ་བ། 9.རྐང་ལག་དབང་མེད་དུ་སྒུལ་བ། 10.ཞེ་མེར་ལངས་པ་དང་སྐྱུག་པ་ཤོར་བ་བཅས་སོ། སྣང་ཚུལ་དེ་དག་ཐོན་ཚེ་ངེས་པར་དུ་སྨན་ཁང་དུ་བརྟག་དཔྱད་བྱེད་དགོས་ལ། སྨན་པའི་ཁ་ཏ་བསླབ་བྱར་ཉན་ནས་ཡིད་གཟབ་བྱེད་དགོས།
རྣམ་ཀུན་གྲིབ་སྐྱོན་གྱི་ནད་ལ་སྔོན་འགོག་བྱེད་དགོས་ན་ངེས་པར་དུ་སྔོན་ལ་ཁྲག་ཤེད་མཐོ་པོའི་ནད་ལ་སྔོན་འགོག་བྱེད་དགོས་པ་དང་། དེ་ནས་སྙིང་ཁམས་ཀྱི་ནད་གཞི་ཕོག་རྒྱུར་སྔོན་འགོག་བྱེད་དགོས། གཞན་ཡང་ཆང་རག་དང་ཐ་མག་གཅོད་དགོས་ལ། ཞག་ཚིལ་ཆེ་བའི་ཟས་རིགས་ལ་འཛེམ་དགོས་པ་དང་། ལུས་སྦྱོང་རྒྱུན་འཁྱོངས་བྱེད་དགོས།