དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཆམ་རིམས་ཀྱི་ནད་རྟགས་དང་སྔོན་འགོག་བྱེད་ཐབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗多拉   |     སྤེལ་དུས།  2016-09-20

    ཆམ་རིམས་ཀྱི་ནད་རྟགས་ནི་འབྱུང་ཚད་མྱུར་ཞིང་། ནད་རྟགས་གཙོ་བོར་གྲང་ཟུག་མི་ཐེག་པ་དང་། ཚ་བ་རྒྱས་པ། མགོ་ན་བ། ལུས་པོ་ཡོངས་ལ་ཤུགས་མེད་པ། སྐྱུག་ལྡང་བྱེད་པ་སོགས་བྱེད་ཀྱི་ཡོད། གཞན་ཡང་དབུགས་ལམ་གྱི་ནད་རྟགས་ཡང་བ་སྟེ། དཔེར་ན། སྣ་ཁུང་འགག་པ་དང་། སྣ་ཆུ་དོན་པ། ཧབ་ཆི་རྒྱག་པ། སྐམ་གློ་གོག་པ། མིད་པ་ན་བ། ཟ་འཕྲུག་ལངས་པ་སོགས་བྱེད་པས་དགུན་དཔྱིད་གཉིས་སུ་ནད་ཐོན་སླ་པོ་ཡོད།

    ཆམ་རིམས་ཀྱི་སྔོན་འགོག་བྱེད་ཐབས་ནི།

    1.ལས་ཀ་དང་སློབ་སྦྱོང་བྱེད་སའི་ཁང་པའི་སྒོ་དང་སྒེའུ་ཁུང་རྒྱུན་དུ་ཕྱེས་ནས་མཁའ་རླུང་འཁོར་རྒྱུག་ཡོང་བ་བྱེད་དགོས། 2.ཟ་འཐུང་གི་འཚོ་བཅུད་དོ་སྙོམས་དགོས་པ་དང་རྒྱུན་དུ་ལུས་སྦྱོང་བྱས་ནས་གཟུགས་པོའི་ནད་འགོག་ནུས་པ་ཆེ་རུ་གཏོང་དགོས། 3.ཆུ་ཁོལ་མང་ཙམ་འཐུང་བ་དང་གཙང་སྦྲར་དོ་སྣང་བྱེད་པ། དེ་བཞིན་ངལ་གསོ་ཡག་པོ་བརྒྱབ་ནས་ལུས་པོ་ཐང་ཆད་དུ་འཇུག་རྒྱུ་མེད། 4.གནམ་གཤིས་འགྱུར་ལྡོག་ཆེ་བ་དང་སྔ་དགོང་དྲོ་གྲང་ཁྱད་པར་ཆེ་བའི་སྐབས་དུས་བསྟུན་གྱིས་གྱོན་གོས་སྲབ་མཐུག་བརྗེ་དགོས། 5.ཆམ་རིམས་ཕོག་པའི་སྐབས་མི་མང་པོ་འདུས་སར་འགྲོ་རྒྱུ་མེད། 6.ཆམ་རིམས་མ་ཕོག་སྔོན་ལ་སྔོན་ཁབ་རྒྱབ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།