ལྷ་ས་གྲོང་ཁྱེར་གྱིས་ལས་རིགས་སློབ་གསོས་དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། “ལས་ཞུགས་ཁྲིད་སྟོན་དུ་བྱ་རྒྱུ་དང་ཞབས་འདེགས་དམིགས་ཡུལ་དུ་བྱ་རྒྱུ”མཐའ་འཁྱོངས། རྩལ་ནུས་སློབ་གསོར་ཤུགས་སྣོན་རྒྱག་པ། རྩལ་ནུས་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་བྱས་ཏེ་ཁྱིམ་ཚང་དབུལ་པོ་དང་ལས་ཀ་མེད་པའི་ཁྱིམ་ཚང་གི་བུ་ཕྲུག་གིས་ལག་རྩལ་སྣ་གཅིག་ཤེས་པ་དང་ལས་ཞུགས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་ཐུབ་པ་བྱས་ཤིང་། འདི་ནི་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་སློབ་མས་གྲངས་འཛིན་སྒྲིག་སྦྱོར་ལག་རྩལ་སློབ་སྦྱོང་བྱེད་པ།