
ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་གི་དཔེ་སྟོན་རང་བཞིན་གྱི་ཕྱོགས་བསྡུས་ལག་ལེན་རྟེན་གཞི་ནི་ཀྲུང་དབྱང་གི་ཆེད་དོན་རྒྱན་ཤོག་སྤྱི་ཕན་མ་དངུལ་གྱིས་རྒྱབ་སྐྱོར་བྱས་པའི་རྣམ་གྲངས་ཤིག་ཡིན་པ་དང་། རྒྱལ་ཡོངས་ཀྱི་ལག་ལེན་རྟེན་གཞི་150ཡི་གྲས་ཤིག་ཡིན། 2016ལོའི་སྟོན་ཁའི་སློབ་དུས་འགོ་ཚུགས་པ་དང་སྦྲགས། ལག་ལེན་རྟེན་གཞིས་ལྷ་ས་གྲོང་ཁྱེར་སློབ་ཆུང་གི་ལོ་རིམ་བཞི་པ་དང་ལྔ་པའི་སློབ་མ་ཚོར་ཆེད་མངགས་ལག་ལེན་སློབ་ཚན་རབ་དང་རིམ་པ་བཀོད་སྒྲིག་བྱས་པ་རེད།
འདི་ནི་དགེ་རྒན་གྱིས་སློབ་མས་བཏོན་པའི་དྲི་བར་ལན་རྒྱག་པའི་གནས་ཚུལ་ཡིན་པ།