དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྦྲུམ་མར་ཕྲུ་གུ་སྐྱེས་རྗེས་སོ་ཇི་ལྟར་བཀྲུ་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-31
    སྦྲུམ་མར་ཕྲུ་གུ་སྐྱེས་རྗེས་ངེས་པར་དུ་སོ་བཀྲུ་དགོས་ཤིང་། འོན་ཀྱང་སོ་བཀྲུ་བའི་ཐབས་ཤེས་ལ་ཡིད་གཟབ་བྱ་དགོས། སོ་རྙིལ་སྐྲངས་པ་དང་ཕྲུ་གུ་སྐྱེས་རྗེས་གསོས་བཏང་བའི་ཟས་ཀྱི་སྙིགས་རོ་ལུས་པར་བརྟེན། ཀྲུང་ལུགས་གསོ་རིག་གིས་ཕྲུ་གུ་སྐྱེས་རྗེས་མཛུབ་མོས་སོ་བཀྲུས་ན་ལེགས་པའི་ངོས་འཛིན་བྱེད་ཀྱི་ཡོད། སྔོན་ལ་མཛུབ་མོ་གཙང་མ་བཀྲུ་བའམ་སང་རས་དཀྲི་བ། སོ་སྨན་མཛུབ་མོའི་ངོས་ལ་བྱུག་ནས་ཁའི་ནང་བླུགས་ཏེ་སོའི་ཐོག་ཡར་མར་ཐེངས་མང་འཕུར་ཚེ་གཙང་མ་ཆགས་པ་མ་ཟད། ཁྲག་རྒྱུན་འཁོར་རྒྱུག་དང་སོ་བརྟན་པོ་ཆགས་པའི་ནུས་པ་ཐོན་གྱི་ཡོད། དེ་རྗེས་ཆུ་དྲོད་འཇམ་གྱིས་ཆུ་བཤལ་ཐེངས་འགའ་བཏང་ན་འགྲིག་ལ་ཉིན་གསུམ་སོང་རྗེས་སོ་བཀྲུ་མཉེན་ཙམ་སྤྱོད་དགོས། སོ་འགུལ་བའམ་སོ་སྙིལ་སྐྲངས་པའི་ཚོར་སྣང་བྱུང་ན་ལམ་སེང་སྨན་པ་བསྟེན་དགོས།


    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།