>
MicrosoftInternetExplorer402DocumentNotSpecified7.8 磅Normal0 སྤྲི་དཀར། སྤྲི་དཀར་ནི་བཤས་ཕྱུགས་ཀྱི་ཚེ་སྲོག་རྒྱུན་འཁྱོངས་དང་། སྐྱེ་འཚར། སྐྱེ་འཕེལ་བཅས་ལ་མེད་དུ་མི་རུང་བའི་དངོས་རྫས་ཤིག་རེད། སྤྲི་དཀར་ཕྱུགས་ཀྱི་ལུས་པོའི་ནང་དུ་དུང་ཚ་ཚད་ལ་འགྱུར་ནས་ཕྱུགས་ཀྱི་ཚེ་སྲོག་རྒྱུན་འཁྱོངས་དང་། ཤ། པགས་པ། སྤུ་སྐྱེ་འཚར་སོགས་ཀྱི་དགོས་མཁོ་སྐོང་ཐུབ།
ཐན་ཆུའི་འདྲེས་སྦྱོར་དངོས་རྫས། གཟན་ཆག་ནང་གི་ཐན་ཆུའི་འདྲེས་སྦྱོར་དངོས་རྫས་ནི་བཤས་ཕྱུགས་ལ་མཁོ་བའི་ནུས་ཚད་ཀྱི་གཙོ་བོའི་འབྱུང་ཁུངས་ཤིག་ཡིན། དེ་ཕྱུགས་ཀྱི་ལུས་པོའི་ནང་སླེབས་ཏེ་འཚིགས་རྗེས་ཚ་ཚད་ལ་འགྱུར་ནས་བཤས་ཕྱུགས་ཀྱི་དབུགས་འབྱིན་རྔུབ་དང་འགུལ་སྐྱོད། འཇུ་ལེན། དེ་མིན་ལུས་པོའི་དྲོད་ཚད་རྒྱུན་འཁྱོངས་སོགས་ཚེ་སྲོག་འགུལ་སྐྱོད་ཀྱི་ནུས་རྒྱུ་སྣ་ཚོགས་ཆགས་ཀྱི་ཡོད། ལྷག་མའི་ཐན་ཆུའི་འདྲེས་སྦྱོར་དངོས་རྫས་དེ་དག་ཕྱུགས་ཀྱི་ལུས་པོའི་ནང་ཚིལ་ལ་འགྱུར་ནས་ཉར་ཚགས་བྱས་ཏེ་ནུས་ཚད་གསོག་འཇོག་བྱས་ནས་ལྟོགས་པའི་དུས་བདེ་སྤྱོད་གཏོང་གི་ཡོད།
ཚིལ། ཚིལ་གྱིས་ཕྱུགས་ལ་ཐོན་པའི་ནུས་པ། གཅིག་ནི་ནུས་ཚད་མཁོ་འདོན་དང་ལུས་པོའི་ནང་ནུས་ཚད་ཉར་ཚགས་བྱེད་པའི་བྱ་ཐབས་ཡག་ཤོས་དེ་ཡིན། གཉིས་ནི་ཚིལ་དེ་བཞུར་བདེའི་འཚོ་རྒྱུ་བཞུར་སྨན་ཡིན་ཅིང་ཚིལ་མི་ལྡེང་བའི་སྐབས་འཚོ་རྒྱུ་དེ་རིགས་འཇུ་ལེན་དང་བེད་སྤྱོད་བྱེད་པར་ཤུགས་རྐྱེན་ཐོན་གྱི་ཡོད།
ཀལ་དང་ལིང་། ཕྱུགས་ཀྱི་ལུས་པའི་ནང་ཀལ་དང་ལིང་ནི་རུས་སྒྲོམ་གྱི་གཙོ་བོའི་གྲུབ་ཆ་རེད། གལ་ཏེ་དུས་ཡོན་རིང་པོ་ཀལ་དང་ལིང་མི་ལྡང་བའམ་ཀལ་དང་ལིང་བསྡུར་ཚད་མི་འཚམ་ན་ཕྱུགས་ཀྱི་ཤ་ཤེད་རིམ་བཞིན་སྐྱོ་རུ་འགྲོ་བ་དང་སྐྱེ་འཚར་མཚམས་ཆད་དེ་སྐྱེ་འཕེལ་རྒྱུན་གཏན་མིན་པ་དང་དྲུས་རྩ་མི་ལངས་པ། དྲུས་རྩ་ལངས་ཏེ་སྦྱོར་སྡེབ་བྱས་ཀྱང་མངལ་མི་འཁོར་བ། མངལ་འཁོར་བའི་ཕྱུགས་སམ་འོ་མ་སྟེར་བཞིན་པའི་མོ་ཕྱུགས་ལ་གྲིབ་སྐྱོན་ཕོག་གི་ཡོད།
བཟའ་ཚྭ། བཟའ་ཚྭ་ནི་བྲོ་བ་སྙོམས་རྫས་ཤིག་ཡིན་ལ་འཚོ་བཅུད་ཀྱི་དངོས་རྫས་ཤིག་ཀྱང་རེད། ཚྭས་གཟན་ཆག་གི་ཟ་བདེ་བའི་རང་བཞིན་ལ་བསྒྱུར་བཅོས་བྱེད་པ་དང་ཟས་འཇུ་བར་རོགས་སྐྱོར་བྱེད་པ། གཟན་ཆག་སྤྱོད་ཚད་མཐོ་རུ་སོགས་གཏོང་གི་ཡོད། ཕྱུགས་ཚྭ་མི་ལྡང་བའི་སྐབས་དང་ག་ཉམས་འགྲོ་བ་དང་སྒལ་སྤུ་རྩུབ་ཅིང་གཟེངས་པ། མིག་ལ་འོད་མདངས་མི་ལྡན་པ། སྐྱེ་འཚར་འགོར་བ། ལུས་པོའི་ལྗིད་ཚད་དང་འོ་མ་ཐོན་ཚད་དམའ་རུ་འགྲོ་བའོ།
ཆུ། བཤས་ཕྱུགས་ལ་འཐུང་ཆུ་འདང་ངེས་མ་བྱུང་ན་ཤ་ཤེད་རྒྱས་པར་ཐད་ཀའི་ཤུགས་རྐྱེན་ཐེབས་པ་དང་དུས་ཡོན་རིང་པོ་འཐུང་ཆུ་མ་འདང་ན་ཚེ་སྲོག་ལ་ཉེན་ཁ་བཟོ་གི་ཡོད།