དུས་ཡུན་རིང་པོར་གཉིད་ཡག་པོ་ཁུག་མི་ཐུབ་ན། རིག་པ་དང་དྲན་ཤེས་ཉམས་པ། ནད་གཞི་གཞན་སློང་བ། རྒས་མགྱོགས་པ་སོགས་ཀྱི་གནད་དོན་མང་པོ་ཐོན་གྱི་ཡོད། གལ་ཏེ་གཉིད་ཡུར་པའི་ནད་ཕོག་ན། རང་ནད་རང་གིས་བཅོས་ཐུབ་པའི་ཐབས་ཤེས་ཡོད་པས། དེ་ཚང་མ་འཚོ་བའི་གོམས་གཤིས་ནང་གི་སྤྱོད་ལམ་ཆུང་ཙག་ཡིན་པས། གཙོ་བོ་རྒྱུན་འཁྱོངས་བྱ་རྒྱུ་གལ་ཆེ། གཅིག ལས་སྦྱོང་འཚམ་པོ་བྱེད་དགོས་པ། ཉིན་ལྟར་གོམ་བགྲོད་མགྱོགས་པོ་འགྲོ་དགོས་པ་དང་། དུས་ཚོད་སྐར་མ་40ཙམ་འགྲོ་བ། རྔུལ་ཆུ་ཕྲན་བུ་འདོན་ན་འགྲིག ངལ་དུབ་ཆེན་པོ་བྱེད་རྒྱུ་མེད། གཉིས། དགོང་ཟས་མང་དྲགས་རྒྱུ་མེད་ལ། ཉུང་ཡང་དྲགས་རྒྱུ་མེད། སྤྱིར་ན་འཇུ་བདེ་བ་དང་ཞག་ཚིལ་ཉུང་བའི་(清淡)ཟ་མ་བཟའ་དགོས། ཀོག་ཧྥེ་དང་ཇ་གར་པོ་གཏན་ནས་འཐུང་མི་ཉན། གཉིད་ཡེར་བ་དེ་སེམས་ཁམས་དང་འབྲེལ་བ་ཆེན་པོ་ཡོད་པས། ངེས་པར་དངངས་འཚབ་དང་། ཡིད་མུག ཞེད་སྣང་། ཁོང་ཁྲོ་སོགས་མི་ཡོང་བ་བྱས་ནས། སྣང་བ་སྐྱིད་པོ་དང་སེམས་ཁམས་ཞི་ལྷོད་ཡོང་ཐུབ་པ་བྱེད་དགོས། གསུམ་པ། སྔ་ཙམ་ཉལ་རྒྱུ་གལ་ཆེ། ཕྱི་པོ་ཉལ་བའི་གོམས་གཤིས་ཡོད་ན། ངེས་པར་འགྱུར་ལྡོག་གཏོང་དགོས་པ་དང་། དགོང་མོའི་ཆུ་ཚོད་10དང་ཕྱེད་ཀར་ཉལ་བའི་གོམས་གཤིས་འཇགས་དགོས། ད་དུང་ཁང་པའི་ནང་མཁའ་རླུང་འགྲོ་རྒྱུག་ཡག་པོ་ཡོང་བ་བྱེད་པ་དང་། ཉལ་དུས་གཡས་ཕྱོགས་ལ་བཅུས་ན་ལེགས།