དགུན་དུས་ལུག་གི་གཟན་ཆས་གཙོ་བོ་སྐྱ་རྩྭ་ཡིན་པ་དང་། དཔྱིད་ཀར་སླེབས་ཚེ་ལུག་གི་གཟན་ཆས་ལ་འགྱུར་ལྡོག་བྱུང་ཏེ་སྔོ་རྩྭ་མང་པོ་ཟས་ཆོག དེར་བརྟེན་ལུག་གི་ཕོ་བ་སྦོས་ཀྱི་ཡོད། གལ་སྲིད་མྱུར་སྐྱོབ་བྱེད་ཐབས་མ་འགྲིག་ཚེ་ལུག་འཆི་བའི་ཉེན་ཁ་ཆེ། མྱུར་སྐྱོབ་བྱེད་ཐབས་ནི། ལྕང་མའི་དབྱུ་གུ་ཐུང་ངུ་ཞིག་ལུག་གི་ཁ་ནང་ལ་བཞག་ཏེ་སྣེ་མོ་གཉིས་ལུག་གི་མགོར་བཏགས་ནས་སོ་རྒྱག་ཏུ་འཇུག་པ་དང་ལག་པས་ལུག་གི་གཡས་ཕྱོགས་ཀྱི་རྩིབ་མའི་བར་ཕུར་ཕུར་བྱས་ཏེ་དབུགས་ཕྱིར་འདོན་འཇུག་པའམ་ཡང་ན་ཐ་མག་རྐང་ལྔ་ནས་བཅུའི་བར་གྱི་རྡོ་ཐ་ལུག་ལ་སྟེར་དགོས། ནད་ཅུང་ཡང་བས་རྡོ་ཐ་ཟས་རྗེས་དུས་ཚོད་གང་འཚམ་སོང་རྗེས་དྲག་འགྲོ་ཡི་ཡོད། ཐབས་ལམ་གཞན་ཞིག་ནི་སོལ་བ་ཁེ་10ནས་20དང་ཟ་སྣུམ་ཧོ་ཧྲིན་5ནས་8སྡེབ་སྦྱོར་བྱས་ནས་སྟེར་དགོས། གལ་སྲིད་གོང་གི་ཐབས་ཤེས་འདི་དག་གིས་ཕན་པ་མ་ཐོན་ཚེ་ཕྱུགས་ནད་སྨན་པ་གདན་ཞུ་བྱས་ནས་སྨན་བཅོས་བྱེད་དགོས།
ལུག་ལ་དུག་ཕོག་པ།
ལུག་གིས་ཞིང་སྨན་སོགས་ཀྱིས་སྦགས་པའི་རྩ་དང་དུག་ལྡན་གྱི་རྩྭའི་རིགས་ཟས་ཚེ་དུག་ཕོག་སྲིད། དེ་འདྲ་བྱུང་ཚེ་ཐོག་མར་ལུག་གི་རྣ་རྩེ་ནས་ཁྲག་འདོན་པའམ་ཡང་ན་ལུག་གི་ཁ་ནང་ལ་དབྱུ་གུ་ཐུང་ངུ་ཞིག་བཞག་ནས་དུག་རྫས་ཁ་ཆུ་དང་འགྲོགས་ནས་ཕྱིར་ཐོན་པའི་རྗེས་སུ་ཤ་གནད་དུ་ཧོ་ཧྲིན་2ནས་5ཡི་ཨ་ཐོའོ་ཕིན་སྨན་ཁབ་རྒྱག་དགོས།
ལུག་ལ་ཆམ་ནད་ཕོག་པ།
དཔྱིད་ཀའི་གནམ་གཤིས་ལ་འགྱུར་ལྡོག་ཆེ་བས་ལུག་ལ་ཆམ་ནད་ཕོག་སླ། ཆམ་ནད་ཕོག་ཚེ་ལུག་གི་ཤ་གནད་དུ་ཁེ་5ནས་10ཡིས་ཨན་པྭི་ལིན་དང་ཡང་ན་ཨན་ནཱེ་ཅིན། ཆིས་མིས་སུའུ་སྡེ་ཚན་ཁྲི་160བྱས་པ། ལཱི་མིས་སུའུ་སྡེ་ཚན་ཁྲི་50ཅན་གྱི་སྨན་ཁབ་རྒྱག་པ་དང་། ཡང་པ་ཇོ་རོ་རློན་པ་ཁེ་100དང་ཙོང་རྐང་གཉིས་གཏུབ་ཏེ་མར་ཁེ་50དང་ལྷན་དུ་བསྐོལ་ནས་ཉི་མ་གཉིས་ལ་ཐེངས་གཉིས་རེར་སྟེར་དགོས།
ལག་གི་བཤལ་ནད།
དགུན་ཁར་ལུག་གི་གཟན་ཆས་གཙོ་བོར་སྐྱ་རྩྭ་ཁོ་ན་ཡིན་པས་དཔྱིད་ཀར་སླེབས་མ་ཐག་སྔོ་རྩྭ་ཟས་རྗེས་ཕོ་བར་མ་འཕྲོད་པས་བཤལ་སླ་པོ་ཡོད། དེའི་སྐབས་སུ་སྐྱ་རྩྭ་དང་སྔོ་རྩྭ་སྡེབ་སྦྱོར་བྱས་ནས་བྱིན་ན་ཡག་པོ་ཡོད། གྲོད་པ་བཤལ་ཚེ་ལུག་ལ་ཆིན་ཏཱ་མེ་སུའུ་སྟེར་དགོས།