དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཕྲུ་གུ་སྐྱེས་རྗེས་སྦྲུམ་མ་སོ་བཀྲུ་བ་དང་སྐྲ་ཤད་ཆོག་གམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-26

    དམངས་ཁྲོད་དུ་སྦྲུམ་མ་སོ་དང་མགོ་བོ་མི་བཀྲུ་བའི་སྲོལ་ཡོད། རྒྱུ་མཚན་ནི། ཕྲུ་གུ་སྐྱེས་རྗེས་སོ་བཀྲུས་ན་སོ་འགུལ་ནས་བུད་འགྲོ་བའམ་ཡང་ན་སོ་ནད་ཕོག་སླ་བ་དང་སྐྲ་ཤད་ན་མགོ་བོ་ན་བར་ངོས་འཛིན་བྱེད་ཀྱི་ཡོད། དོན་དངོས་ཐོག་དེ་ནི་ཚན་རིག་དང་རྩ་བ་ནས་མི་མཐུན་པའི་ཤོད་སྲོལ་ཞིག་ཡིན། དེ་ལས་ལྡོག་སྟེ་སྦྲུམ་མའི་བདེ་ཐང་ལ་གནོད་པའི་ནད་ཁ་ཤས་སློང་གི་ཡོད།

    སྦྲུམ་མར་ཕྲུ་གུ་སྐྱེས་རྗེས་འཚོ་བཅུད་ལྡན་པའི་ཟས་རིགས་མང་པོ་སྟེར་གྱི་ཡོད། མཚམས་རེ་ཟས་ཀྱི་སྙིགས་རོ་སོའི་སྲུབས་ལ་ལུས་ནས་ཁའི་ནང་གི་འབུ་ཕྲ་སྐྱེད་སྲིང་བྱེད་སླ་བའི་ཁར། གཉན་ཁ་རྒྱས་ནས་སོ་ནད་ཕོག་གི་ཡོད། སྦྲུམ་མ་ཁ་ཤས་ལ་མངལ་སྦྲུམ་རྗེས་སོ་སྙིལ་ཁྲག་སྦོས་ཐེབས་པ་དང་། སོའི་སྲ་ཚད་ཞན་དུ་འགྲོ་བ། སོ་རུལ་བ་སོགས་བྱུང་སླ་བས་དེར་བརྟེན་སྦྲུམ་མས་ཕྲུ་གུ་སྐྱེས་རྗེས་ཁའི་གཙང་སྦྲར་དོ་སྣང་བྱས་ནས་སྔ་དགོང་སོ་བཀྲུ་ཁ་བཤལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ།

    སྐྲ་ཤད་ན་མགོའི་པགས་པའི་ཁྲག་རྒྱུན་འཁོར་རྒྱུག་བྱེད་རྒྱུར་སྐུལ་འདེད་ཐེབས་ནས་བདེ་ཐང་དང་མཛེས་བཟོའི་ནུས་པ་ཐོན་གྱི་ཡོད། སྐྲ་ཤད་འཁྲུད་མ་བྱས་ཚེ་རྔུལ་ནག་ཐོན་ནས་སྐོགས་སྐྱི་མང་དུ་ཕྱིན་ནས་འབུ་ཕྲར་འཚོ་བཅུད་ཀྱི་རྨང་གཞི་བཏིང་ནས་སྐྲ་སྦུབས་གཉན་ཚད་སོགས་པགས་ནད་ཕོག་སླ།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།