དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ​ གཟའ་འཁོར་འདིའི་ནང་དབུས་ཤར་རྒྱུད་དུ་ཆར་པ་ཉུང་དུ་འགྲོ་རྒྱུ་དེས་ལོ་ཏོག་བརྔ་བསྡུ་དང་སྐམ་གསེད་བྱ་རྒྱུར་ཕན་པ་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2016-08-23

    གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(ཟླ་8ཚེས་22ཉིན་ནས་ཟླ་8ཚེས་28ཉིན་བར)

    གཟའ་ཟླ་བ་དང་མིག་དམར་ལ་མངའ་རིས་དང་། གཞིས་རྩེ། ནག་ཆུའི་ནུབ་རྒྱུད། ལྷོ་ཁའི་ལྷོ་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ཡར་ཀླུང་གཙང་པོའི་རྒྱུད་ཀྱི་དབུས་ཤར་རྒྱུད་དུ་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་སིམ་སིམ་མམ་ཡང་ན་འབྲུག་ཆར་འབབ་རྒྱུ། གཟའ་ལྷག་པ་ནས་པ་སངས་བར་གཞིས་རྩེ་དང་། མངའ་རིས། ནག་ཆུའི་དབུས་ནུབ་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་ཆེ་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་ཆུང་བའམ་ཡང་ན་འབྲུག་ཆར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་འབབ་རྒྱུ། གཟའ་སྤེན་པ་དང་ཉི་མར་གཞིས་རྩེའི་ལྷོ་རྒྱུད་དང་། ཉིང་ཁྲི ལྷོ་ཁ། ཆབ་མདོའི་བྱང་རྒྱུད། ནག་ཆུ་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་སིམ་སིམ་མམ་ཡང་ན་འབྲུག་ཆར་འབབ་རྒྱུ།

    གཉིས། གྲོས་འགོ

    1.དབུས་ཤར་རྒྱུད་ཀྱི་ཞིང་ཁུལ་གྱིས་དུས་སྐབས་བཟང་པོ་དམ་འཛིན་བྱས་ཏེ་ལོ་ཏོག་བརྔ་བསྡུ་དང་གཡུལ་ལས་གཏོང་དགོས།

    2.གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་ནུབ་རྒྱུད་དུ་སྔར་བས་ཆར་པ་འབབ་རྒྱུ་ཡིན་པས་ཤྭ་འོད་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་ཀྱི་ས་གཤིས་གནོད་འཚེ་ཐོན་རྒྱུར་དོགས་ཟོན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།