མིའི་ཁྲག་རྩ་ནི་ཆུ་ཀ་ལའི་སྦུག་ལམ་དང་འདྲ་བར། ལོ་ཇེ་ཆེར་སོང་ན་ཁྲག་རྩའི་ནང་གི་གད་སྙིགས་ཇེ་མང་དུ་འགྲོ་བ་དང་། ལྷག་པར་དུ་མཇིང་པའི་འཕར་རྩ་འགག་ན་གྲིབ་སྐྱོན་གྱི་ནད་ཕོག་སླ་ཞིང་། གལ་ཏེ་མཇིང་པའི་འཕར་རྩ་འགག་ནས་སྐར་མ་8སོང་ན། མིག་ལོང་བ་དང་། ངག་ལྐུགས་པ། གཟའ་ཕོག་པ་སོགས་ཀྱི་གནས་ཚུལ་ཐོན་གྱི་ཡོད། ཁྲག་རྩ་གཤོང་དགོས་ན་གཤམ་གྱི་ཟས་རིགས་ཁག་རྟག་ཏུ་བཟའ་དགོས་པ་སྟེ། དེ་དག་ནི་མོག་རོ་དང་། སྒ་མུག སྒོག་པ། ཡང་ཙོང་། ཉ་ཤ། ཇ་སྔོན་པོ། བྲ་བོ། མ་རྨོས་ལོ་ཏོག ཆའེ་རྩེ། ཧའེ་ཏའེ་བཅས་རེད། གཞན་ཡང་རྣམ་ཀུན་ཟས་སྤྱོད་ཐད་ཆང་རག་དང་། ཞག་ཚིལ། ཚྭ། སྣུམ་བཀྲག་སོགས་ཀྱི་བཟའ་འཐུང་རིགས་བསྟེན་རྒྱུར་ངེས་པར་དུ་ཚོད་འཛིན་བྱེད་དགོས།