ཉེ་ཆར། རང་ལྗོངས་ཀྱི་སློབ་གྲྭ་ཁག་སློབ་འགོ་ཚུགས་པའི་དུས་སུ་སླེབས་ཡོད་པ་དང་། དབྱར་ཁའི་གུང་གསེང་རིང་ངལ་གསོ་ཡག་པོ་བརྒྱབ་རྗེས་སློབ་མ་ཚོས་སེམས་ཤུགས་ཀྱིས་ཁེངས་བཞིན་སློབ་དུས་གསར་པ་བསུ་འགོ་ཚུགས་ཤིང་། འདི་ནི་ཟླ་8ཚེས19ཉིན་གྱི་སྔ་དྲོ། ཆབ་མདོ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་སློབ་མ་ཚོས་ཁོར་ཡུག་མཛེས་པའི་སློབ་གྲྭའི་ནང་སློབ་གསེང་ལུས་རྩལ་རྩེ་བའི་གནས་ཚུལ་ཡིན་པ།