དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་གྲོང་ཁྱེར་གཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-21

    གསར་འགོད་པས་རང་སྐྱོང་ལྗོངས་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར། མིག་སྔར་ལྷ་ས་གྲོང་ཁྱེར་གྱིས་བཀོད་སྒྲིག་ཧུར་ཐག་བྱས་ནས་རྒྱལ་ཁབ་བཟའ་བཅའི་བདེ་འཇགས་གྲོང་ཁྱེར་གཏོད་པའི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བཞིན་ཡོད་པ་རེད།

    ཉེ་ཆར་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ལྷ་ས་གྲོང་ཁྱེར་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་གྲོང་ཁྱེར་གཏོད་པའི་ཚོད་ལྟའི་ལས་དོན་གྱི་སྐུལ་སློང་ཚོགས་ཆེན་འཚོགས་ནས་ཚོགས་འདུའི་ཐོག་རྫོང(ཆུས)དང་གྲོང་ཁྱེར་ཐད་གཏོགས་འབྲེལ་ཡོད་ཚན་པ་ཁག་ལ་བཟའ་བཅའི་བདེ་འཇགས་གྲོང་ཁྱེར་གཏོད་པའི་ལས་དོན་ཐད་ཞིབ་ཕྲའི་བླང་བྱ་བཏོན་པ་རེད། དེ་དང་དུས་མཚུངས་གཏོགས་ཁོངས་དོ་དམ་གྱི་རྩ་དོན་གཞིར་བཟུང་ལྷ་ས་གྲོང་ཁྱེར་གྱིས་བཟའ་བཅའི་བདེ་འཇགས་གྲོང་ཁྱེར་གཏོད་པའི་ལས་དོན་དེ་ཉིད་སྲིད་གཞུང་གི་ལས་རྗེས་དང་ཕྱོགས་བསྡུས་དཔྱད་ཞིབ་ཀྱི་ཁྱབ་ཁོངས་ནང་བཅུག་པ་མ་ཟད། མི་དམངས་ལ་འགན་འཁྲི་འཁུར་སེམས་ཆེན་པོ་ཡོད་པའི་ཐོག་ནས་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་གྲོང་ཁྱེར་གཏོད་པའི་ལས་དོན་ཁག་དམ་འཛིན་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།