དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ལྗོངས་ཀྱི་མི་6ཁག་གཉིས་པའི“མི་ཁྲིའི་འཆར་གཞིའི”ནང་ཚུད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-21

    གསར་འགོད་པས་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་རང་ལྗོངས་ཀྱི་མི་6ཁག་གཉིས་པའི་རྒྱལ་ཁབ་ཀྱི“མི་ཁྲིའི་འཆར་གཞིའི”ནང་ཚུད་ཡོད་པ་རེད།

    “མི་ཁྲིའི་འཆར་གཞི”ནི་གསར་གཏོད་རྣམ་པའི་རྒྱལ་ཁབ་འཛུགས་སྐྲུན་གྱི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་ཏེ། རྒྱལ་ནང་གི་མཐོ་རིམ་ཤེས་ལྡན་པར་ཕྱོགས་ནས་ལོ་10ཙམ་གྱི་དུས་ཚོད་སྤྱད་དེ་འཆར་གཞི་ཡོད་པ་དང་གཙོ་གནད་ཡོད་པའི་སྒོ་ནས་རང་བྱུང་ཚན་རིག་དང་། ལས་གྲྭའི་ལག་རྩལ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག མཐོ་རིམ་སློབ་གསོའི་ཁྱབ་ཁོངས་ཀྱི་ཕུལ་བྱུང་ཤེས་ལྡན་པ། དམག་དཔུང་གི་ཤེས་ལྡན་པ་དང་གཞོན་ནུའི་ཁྲོད་ཀྱི་རྩེར་སོན་ཤེས་ལྡན་པ་བཅས་འབོར་ཆེན་ཞིག་འདེམས་སྒྲུག་བྱས་ནས“མི་ཁྲིའི་འཆར་གཞི”དང་འབྲེལ་མཐུད་ཐུབ་པའི་མཐོ་རིམ་གསར་གཏོད་ལས་གཏོད་ཀྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་མ་ལག་ཅིག་ཆགས་པ་བྱ་རྒྱུ་དེ་རེད།

    2016ལོར། ཀྲུང་གོ་ཚན་རིག་ཁང་ས་གཤིས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་སུའོ(ལྷ་ས་ཞིང་ལས་སྣོད་བཅུད་ཚོད་ལྟ་ས་ཚིགས)ཡི་ཀྲང་ཡང་ཅན་དང་། “ནས་སོན་གསར་གཏོད་ཚོགས་པའི”འགན་འཁུར་བ་ཉི་མ་བཀྲ་ཤིས། བོད་ལྗོངས་གསེར་གྱི་ཁ་བཏགས་སྨན་ལས་ཚད་ཡོད་ཀུང་སིའི་བཀྲ་ཤིས་དོན་གྲུབ། བོད་ལྗོངས་ཇོ་མོ་ལྷ་རི་ཉོ་ཚོང་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྒྲོལ་མ་ཚེ་རིང་། བོད་ལྗོངས་ཅིན་ཚའེ་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་ཝུའུ་ཧུང་། བོད་ལྗོངས་སྨར་ཁམས་བོད་ཤར་རྩ་ཆེའི་ཨ་རག་ཚད་ཡོད་ཀུང་སིའི་བློ་བཟང་ཚེ་རིང་བཅས་ཁག་གཉིས་པའི་རྒྱལ་ཁབ་ཀྱི“མི་ཁྲིའི་འཆར་གཞིའི”ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ཤེས་ལྡན་པའི་ནང་ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།