ཕྲུ་གུ་ སྐྱེས་རྗེས་ཀྱི་ཆུ་ཚོད་24ཡི་ནང་། མངལ་ལམ་ནས་ཁྲག་ཧའོ་ཧྲེང་400ལས་མང་བ་འདོན་ པར་ཕྲུ་གུ་སྐྱེས་རྗེས་ཁྲག་མང་པོ་ཤོར་བ་ཞེས་ཟེར། སྤྱིར་གནས་ཚུལ་དེ་རིགས་ཕྲུ་ གུ་སྐྱེས་རྗེས་ཀྱི་ཆུ་ཚོད་2ནང་ཐོན་གྱི་ཡོད། དུས་ཐུང་ནང་ཁྲག་མང་པོ་ཤོར་བས་ སྦྲུམ་མའི་ནད་འགོག་ནུས་པ་ཆུང་དུ་སོང་ནས་གཉན་ཁ་སྣ་ཚོགས་འབྱུང་སླ། སྤྱིར་བཏང་ གནས་ཚུལ་འོག ཤ་མ་སྐྱེ་བའི་སྐབས་འགུལ་བསྐྱོད་རང་བཞིན་གྱི་ཁྲག་ཤོར་བ་དང་། ཤ་ མ་གྲོལ་རྗེས་ཁྲག་ལམ་སེང་ཉུང་དུ་འགྲོ་གི་ཡོད། འོན་ཀྱང་། སྦྲུམ་མར་དངངས་སྐྲག་ སྐྱེས་པའི་དབང་གིས་གཉིད་མ་ཁུག་པ་དང་། ཟས་ཀྱི་དང་ག་ཆུང་དུ་འགྲོ་བ། ཕྲུ་གུ་ སྐྱེ་སྐབས་སྐད་ཅོར་རྒྱག་པ་དང་ལུས་ཤུགས་ཟད་དྲགས་པ་བཅས་ཀྱིས་སྦྲུམ་མའི་ལྟེ་ བའི་དབང་རྩར་ཕོག་ཐུག་བྱུང་ནས་བུ་སྣོད་ཡག་པོ་འཁུམ་ཐུབ་ཀྱི་མེད། སྦྲུམ་མ་ སེམས་འཚབ་པ་དང་། སྐྱེ་ཡུན་རིང་དུ་སོང་བ། ཕྲུ་གུ་སྐྱེ་སྐབས་ཞི་ལྷོད་ཡོང་བའི་ སྨན་སྤྱད་དྲགས་པའམ་སྦྲིད་སྨན་མང་དྲགས་པ་བཅས་ཀྱི་དབང་གིས་སྦྲུམ་མའི་བུ་སྣོད་ རྒྱུན་གཏན་བཞིན་འཁུམ་རྒྱུར་འགོག་རྐྱེན་བྱུང་སྟེ་ཕྲུ་གུ་སྐྱེས་རྗེས་ཁྲག་མང་ པོ་ཤོར་གྱི་ཡོད།
ཕྲུ་གུ་སྐྱེས་རྗེས་ཁྲག་དོན་པ་དེ་ནི་སྤྱིར་བཏང་ཕྲུ་གུ་ སྐྱེས་རྗེས་ཀྱི་གཟའ་འཁོར་1ནས་2བར་ཡིན་ཞིང་། དེའི་རྒྱུ་མཚན་གཅོ་བོ་ནི། ཤ་མ་ ལུས་པ་དང་ཤ་མའི་ངོས་གསོས་ཚད་ཡག་པོ་མ་བྱུང་བའི་རྐྱེན་གྱིས་ཡིན།
དེར་བརྟེན་ཕྲུ་གུ་སྐྱེས་རྗེས་ཁྲག་མང་པོ་ཤོར་བ་ཤེས་འཕྲལ་ལམ་སེང་སྨན་ཁང་དུ་འགྲོ་བ་ལས་དུས་ཚོད་ནར་འགྱངས་གཏན་ནས་བྱེད་མི་རུང་།