དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ​ ཕྲུ་གུ་སྐྱེས་རྗེས་གཅིན་པ་མ་ཚོར་བའི་རྒྱུ་མཚན་གང་ཡིན་ནམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-17

    སྦྲུམ་མའི་སྐྱེ་བསུའི་བརྒྱུད་རིམ་ནང་མངལ་གནས་ཕྲུ་གུའི་མགོ་བོའི་གནོན་ཤུགས་དང་། མཚང་རའི་མཐིལ་གྱི་ཤ་འགྲིམས་དང་རྒྱུས་སྐྱི་ནར་དྲགས་པ། འཕར་ནུས་ཆུང་དུ་ཕྱིན་པ། མདོ་རུས་དང་གཞུག་རུས་ངོས་ཀྱི་ཤ་འགྲིམས་རྣམས་ལྡེམ་ཤུགས་བརྒྱབ་པའི་དབང་གིས་ཁོག་པའི་གནོན་ཤུགས་ཆེ་རུ་སོང་བའི་གནས་ཚུལ་འོག ལྒང་པར་གནོན་ཤུགས་ཐེབས་ནས་ཚོར་མེད་ངང་གཅིན་པ་ཤོར་འགྲོ་་ཡི་ཡོད། དེ་ནི་ཕྲུ་གུ་སྐྱེས་རྗེས་གཅིན་པ་མ་ཚོར་བ་ཞེས་པའོ།

    གཅིན་པ་མ་ཚོར་བ་སྔོན་འགོག་བྱེད་པར་གཤམ་གསལ་གྱི་ཐབས་ཤེས་ཡོད་དེ།

    (1)ཕྲུ་གུ་སྐྱེས་རྗེས་གཟུགས་པོ་སྔར་བཞིན་མ་གསོས་གོང་ཤུགས་དྲག་ཆེ་བའི་འགུལ་བསྐྱོད་སྔ་པོ་བྱེད་པའམ་ལུས་ཀྱི་རྩོལ་བ་དྲག་པོ་བྱེད་པ། ལྷག་པར་དུ་ཁོག་པའི་གནོན་ཤུགས་ཆེ་རུ་འགྲོ་བའི་སྤྱོད་ལམ་བསྟེན་རྒྱུ་མེད།

    (2)ཆམ་པ་དང་གློ་བརྒྱབ་ནས་ཁོག་པའི་གནོན་ཤུགས་ཆེ་རུ་འགྲོ་བའི་སྤྱོད་ལམ་ལ་ཚོད་འཛིན་གྱིས་ཆམ་པ་ཕོག་སྐབས་ལམ་སེང་སྨན་བཅོས་བྱེད་དགོས།

    (3)གཞང་ཁ་སྐུམ་པའི་ལུས་རྩལ་རྒྱུན་འཁྱོངས་བྱེད་དགོས་པ་སྟེ་གཞང་ཁ་སྐུམ་པའི་ལུས་སྦྱོང་ཉིན་རེར་ཐེངས་30གཡས་གཡོན་རྩེད་དགོས།

    (4)གཅིན་པ་སྐུམ་པ་སྟེ་གཅིན་པ་སྐུམ་པའི་ལུས་རྩལ་ཉིན་རེར་ཐེངས་2དང་ཐེངས་རེར་སྐར་མ་10རེ་རྩེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།