དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཀླད་པའི་ངལ་རྩོལ་བྱེད་མཁན་ལ་འཚམ་པའི་ཟས་རིགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-17

    1. ཐན་ཆུའི་འདྲེས་རྫས་འདུས་པའི་བཟའ་བཅའ་འདེམས་དགོས་པ་སྟེ། དཔེར་ན། འབྲས་དང་། གྲོ་ཞིབ། བྲས་ཆུང་། མ་རྨོས་ལོ་ཏོག ཤིང་འབྲས་འབྲུག་མིག སྦྲང་རྩི་སོགས།

    2. སྤྲི་དཀར་འདུས་ཆེ་བའི་བཟའ་བཅའ་འདེམས་དགོས་པ་སྟེ། དཔེར་ན། སྒོ་ང་དང་། འོ་མ། ཉ། སྲན་ཆེན་སོགས།

    3. ཚད་མི་ལོན་པའི་ཚི་ལུའི་སྐྱུར་གྱི་བཟའ་བཅའ་འདེམས་དགོས་པ་སྟེ། དཔེར་ན། རྩི་ཤིང་སྣུམ། ཀྭ་ཙེ། ནན་ཀྭ་འབྲུ་གུ བ་དམ། ཞི་ཀྭ་འབྲུ་གུ སྟར་ཁ་སོགས།

    4. ནའོ་ལིན་ཀྲེ་འདུས་པའི་བཟའ་བཅའ་འདེམས་དགོས་པ་སྟེ། དཔེར་ན། ཕག་པ་དང་། ལུག དེ་བཞིན་བྱ་དེའི་ཀླད་པ་སོགས།

    5. འཚོ་རྒྱུ་ཀ་པ་འདུས་པའི་བཟའ་བཅའ་འདེམས་དགོས་པ་སྟེ། དཔེར་ན། སྲོག་ཆགས་ཀྱི་མཆིན་པ་དང་། འོ་མ་དང་སྒོ་ངའི་རིགས། ཀེའུ་ཚལ། མཚོ་ཚལ་ཧའེ་ཏའེ། མོག་རོ་སོགས།

    6. འཚོ་རྒྱུ་ཁ་པ་འདུས་པའི་བཟའ་བཅའ་འདེམས་དགོས་པ་སྟེ། དཔེར་ན། སྲན་མའི་རིགས་དང་། བ་དམ་། སྟར་ཁ། ཏིལ་འབྲུ། དྲི་ཞིམ་ཤ་མོ། ཚིལ་མེད་ཕག་ཤ་སོགས།

    7. འཚོ་རྒྱུ་ག་པ་འདུས་པའི་བཟའ་བཅའ་འདེམས་དགོས་པ་སྟེ། དཔེར་ན། ཁ་སུར་དམར་པོདང་། ལོ་གསུམ་ཁམ་བུ། ཚ་ལུ་མ། སོ་ལོ་དམར་པོ། ཀྲོ་མ་ཀྲུ་སོགས་ཡིན་ནོ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།