དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཕྲུ་གུ་སྐྱེས་རྗེས་བཙོག་པ་སྐམ་པོ་ཆགས་པའི་རྒྱུ་མཚན་གང་ཡིན་ནམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-12

    སྦྲུམ་མས་ཕྲུ་གུ་སྐྱེས་རྗེས་ཉལ་ཁྲིའི་ཐོག་ཏུ་ཉལ་བའི་དུས་ཚོད་རིང་དྲགས་པ་དང་། འགུལ་སྐྱོད་ཉུང་དྲགས་པས་ཕོ་བ་དང་རྒྱུ་མའི་འགུལ་ནུས་ཆུང་དུ་སོང་བ། ཕྲུ་གུ་སྐྱེས་རྗེས་གྲོད་ཤ་རྐྱོང་ནུས་ཆུང་དུ་ཕྱིན་པ། ཤིང་འབྲས་དང་སྔོ་ཚལ་རིགས་མ་འདང་བ། མཚན་མའི་རྨ་ཁར་ན་ཟུག་གཏོང་བས་བཙོག་པ་ཤུགས་ཆེར་བཙིར་མི་ནུས་པ་སོགས་ནི་བཙོག་པ་སྐམ་པོ་ཆགས་པའི་རྒྱུ་རྐྱེན་གཙོ་བོ་ཡིན། བཙོག་པ་སྐམ་པོ་ཆགས་རྗེས་བཙོག་པ་རྒྱུ་མའི་ནང་ཉར་བའི་དུས་ཚོད་རིང་དྲགས་པས་བཙོག་པའི་ནང་གི་བརླན་གཤེར་རྒྱུ་མའི་ནང་སྐྱིས་འཐེན་པས་བཙོག་པ་སྐམ་པོ་ཆགས་སྟེ་གཏོང་བའི་སྐབས་དེ་བས་དཀའ་ངལ་ཆེན་པོ་ཡོད། སྐབས་རེ་ད་དུང་གཞང་ཁ་གས་པ་དང་གཞང་འབྲུམ་སྐྱེ་བ་བཅས་བྱུང་སྲིད། དེ་དང་ཆབས་ཅིག་ཉིན་ཁ་ཤས་བཙོག་པ་གཏོང་མི་ཐུབ་པའི་དབང་གིས་ལྟོ་བ་སྦོས་པ་དང་ཟས་ཀྱི་དང་ག་ཉམས་པ་སོགས་བྱེད་ཀྱི་ཡོད།

    དེར་བརྟེན། བཙོག་པ་སྐམ་པོ་ཆགས་པ་སྔོན་འགོག་བྱེད་དགོས་ན། ཕྲུ་གུ་སྐྱེས་རྗེས་སྔ་ཙམ་ཉལ་ཁྲི་ནས་བབས་ཏེ་འགུལ་སྐྱོད་བྱེད་པ་དང་། སྔོ་ཚལ་དང་ཤིང་འབྲས་མང་ཙམ་བཟས་ནས་ཚི་ནར་རྒྱུ་ཆ་ཁ་སྣོན་བྱེད་དགོས་ལ། སྣུམ་དང་སྦྲང་རྩི་འོས་འཚམ་འཐུང་ན་རྒྱུ་མ་མཉེན་ལ་བཙོག་པ་གཏོང་བདེ་ཞིང་། དུས་ཚོད་ངེས་གཏན་ནང་བཙོག་པ་གཏོང་བའི་གོམས་གཤིས་ཆགས་པ་བྱེད་དགོས། གལ་སྲིད་ཕྲུ་གུ་སྐྱེས་རྗེས་ཉིན་གཉིས་གསུམ་བཙོག་པ་གཏོང་མ་ཐུབ་ན་བཤལ་སྨན་དང་ཕྱི་སྤྱོད་སྨན་ཁའེ་སེ་ལུའུ་ཞེས་པ་བེད་སྤྱོད་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།