ཉལ་སྟངས་འཚམ་པོ་ཞིག་བྱུང་ན་ལུས་པོར་ངལ་གསོ་ཡག་པོ་ཞིག་ཐེབས་ཐུབ་པ་དང་ཕྱི་ ཉིན་སེམས་ཤུགས་ལྡན་པར་འགྱུར་ཐུབ་པས་གཤམ་དུ་ཉལ་སྟངས་སྐོར་ཁག་གཉིས་ཞུ་རྒྱུ་ སྟེ།
1. ཁྱིམ་བདག་ཚོས་ཕྲུ་གུ་དམར་འབྱར་བསྙལ་སྐབས་གཞོག་གཅིག་ཁོ་ནར་སྙོལ་མི་རུང་། རྒྱུ་མཚན་ནི་ཕྲུ་གུ་དམར་འབྱར་གྱི་མགོ་བོའི་རུས་པ་མང་ཆེ་བ་མཁྲེགས་པོར་གྱུར་ཐུབ་མེད་པས། ཉལ་ཕྱོགས་གཅིག་ཁོ་ནར་བཞག་ན་ཀླད་པའི་དབྱིབས་འགྱུར་སྲིད་པས་དེས་ན་ཁྱིམ་བདག་ཚོས་ཉལ་ཕྱོགས་ཡང་ཡང་བརྗེ་དགོས།
2. སྤྱིར་ལུས་ཁམས་བདེ་ཐང་གི་སྐོར་ལ་བྱིས་པ་དང་སྐྱེ་བོ་དར་མའི་ཉལ་སྟངས་ཐད་གཏན་འཁེལ་ནན་པོ་མེད། འོན་ཀྱང་ལུས་པོ་ཁ་བུབ་སྟེ་གཏན་ནས་ཉལ་མི་རུང་། གང་ལགས་ཤེ་ན། ཁ་བུབ་ནས་ཉལ་ན་དབུགས་འབྱིན་རྔུབ་དང་སྙིང་ཁམས་འཕར་ཚུལ་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད། ལྟོ་ཆས་བཟས་རྗེས་དང་ཉིན་དགུང་གཉིད་ཉལ་སྐབས་རབ་བྱུང་ན་གན་རྐྱལ་ལམ་ཡང་ན་གཡས་ལ་ཕྱོགས་ཏེ་ཉལ་དགོས། དེའི་རྒྱུ་མཚན་ཅི་ཡིན་ཟེར་ན་ཕོ་བ་ནི་བྲང་ཁའི་གཡོན་ཕྱོགས་སུ་ཡོད་པས་གཡོན་ཕྱོགས་སུ་འཁོར་ནས་ཉལ་ཚེ་ཕོ་བར་ཤུགས་རྐྱེན་ཐེབས་ནས་ཟས་འཇུ་བར་གནོད་འཚེ་ཤིན་ཏུ་ཆེའོ།