དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཁ་པར་དུ་གློག་གསོག་པའི་སྐོར་གྱི་རྒྱུན་ཤེས་གལ་ཆེན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-10

    ༡.དུས་རྒྱུན་ཁ་པར་ལ་གློག་༢༠%ལས་མེད་པའི་སྐབས་སུ་བཀོལ་ན་མི་བཟང་བ་དང་ལྷག་པར་དུ་༥%ལ་ལྷུང་སྐབས་ད་དུང་སྤྱད་ན་གློག་རྫས་ཀྱི་སྤུས་ཚད་ལ་གནོད་པ་ཆེན་པོ་ཐེབས།

    ༢.ཁ་པར་གསར་བ་ཉོས་རྗེས་གློག་བཀོལ་ཚར་རྗེས་ད་གཟོད་གློག་བསགས་ན་གློག་གིས་འདང་བའི་བཤད་ཚུལ་ཞིག་ཡོད་མོད། དེང་སྐབས་ཁ་པར་གྱི་གློག་རྫས་ཚང་མ་ལཱི(锂)་གློག་རྫས་ཡིན་པས་དེ་ལྟར་བྱེད་དགོས་དོན་མེད།

    ༣.གློག་གསོག་རྐུད་པ་ཁ་པར་རང་གི་སྐུད་པ་དེ་བཀོལ་ན་བཟང་བ་ལས།  གང་འདོད་དུ་སྐུད་པ་གཞན་པས་གློག་བསགས་ན་སྤུས་ཀ་བཟང་ངན་སོགས་ཀྱི་ཁྱད་པར་གྱིས་ཁ་པར་འགད་པའི་ཉེན་ཁ་ཡོད།

    ༤.ཁ་པར་གྱི་དྲོད་ཚད་མཐོ་དྲགས་ན་འགད་པའི་ཉེན་ཁ་ཡོད་པ་དང་དམའ་དྲག་ན་གློག་གསོག་མི་ཐུབ་པའམ་གློག་གསོག་ཚད་དལ་བ་བཅས་ཀྱི་སྐྱོན་ཆ་ཡོད།

    ༤.གློག་གསོག་ཚད་ཇི་ལྟར་མང་ན་དེ་ལྟར་བཟང་།

    ༥. གློག་གསོག་བཞིན་པའི་སྐབས་སུ་ཁ་པར་སྤྱད་ན་གློག་རྫས་ཀྱི་སྤུས་ཚད་ལ་གནོད་པ་ཆེན་པོ་བསྐྱེད་སྲིད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།