དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ​ “ལྟོ་ཆས་ཟ་སྟངས”ཀྱི་ལྟ་ཚུལ་གསར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-09

    ལངས་ནས་ལྟོ་ཆས་བཟས་ན་ཚན་རིག་དང་མཐུན་ཤོས་རེད།

    གསོ་རིག་ལས་རིགས་ཀྱིས་འཛམ་གླིང་གི་ས་ཆ་ཁག་གི་མི་རིགས་མི་འདྲ་བའི་ལྟོ་ཆས་ཟ་སྟངས་ལ་ཞིབ་འཇུག་བྱས་པ་ལས། ལངས་ནས་ལྟོ་ཆས་བཟས་ན་ཚན་རིག་དང་མཐུན་ཤོས་ཡིན་པ་དང་། བསྡད་ནས་ཟས་ན་ཚན་རིག་དང་མི་མཐུན་པའི་གསལ་སྟོན་བྱས་ཡོད།

    ལྟོ་ཆས་ཟ་བཞིན་གཏམ་གླེང་བྱས་ན་ལེགས།

    ད་ཕན་ལོ་ཤས་རིང་། རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་གྱིས་ལྟ་བ་གསར་པ་ཞིག་བཏོན་ཡོད་པ་སྟེ།   ལྟོ་ཆས་ཟ་བཞིན་གཏམ་གླེང་བྱས་ན་ཕྱོགས་གཉིས་ནས་ཕན་ཐོགས་ཡོད་པ་སྟེ།  གཅིག་ནི་བློ་བདེ་བག་ཕེབས་ཡོང་གི་ཡོད་པས། ཟས་འཇུ་བར་ཕན་པ་ཡོད་པ་དང་།   གཅིག་ཤོས་ནི་གཏམ་གླེང་བྱེད་བཞིན་ལྟོ་ཆས་བཟས་ན་ཚལ་གྱི་རོ་བཅུད་གང་ལེགས་མྱོང་ཐུབ་ལ།   གཏམ་གླེང་བྱེད་སྐབས་ལྟོ་ཆས་དལ་པོས་ཟ་ཡི་ཡོད་པས་ཕོ་བ་དང་རྒྱུ་མའི་འཇུ་ནུས་ཆེ་རུ་འགྲོ་ཡི་ཡོད།

    གྲང་ཟས་བཟས་ན་ཚེ་རིང་དུ་འགྲོ་རྒྱུར་ཕན་པ།

    ཚན་རིག་མཁས་ཅན་གྱིས་དྲོད་ཚད་གཅོག་རྒྱུ་ནི་མིའི་རིགས་ཚེ་རིང་དུ་འགྲོ་རྒྱུའི་ལམ་བུ་ཞིག་ཡིན་པའི་ངོས་འཛིན་བྱེད་ཅིང་། གྲང་ཟས་བཟས་ན་གཟུགས་པོའི་དྲོད་ཚད་དོ་སྙོམས་བྱུང་ནས་ཚད་གཞི་ངེས་ཅན་ཞིག་ནས་གཟུགས་པོའི་དྲོད་ཚད་གཅོག་པའི་ནུས་པ་ཐོན་ཏེ་ཕྲ་ཕུང་གི་འཚོ་ཡུན་རིང་དུ་འགྲོ་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།