ཟླ་8ཚེས་3ཉིན། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་སྨན་ཁང་གིས་བོད་རང་སྐྱོང་ལྗོངས་ནང་ཁུལ་གྱི་གྲྭ་བཙུན་44ལ་རིན་པ་མི་དགོས་པའི་ངང་གཟུགས་པོ་བརྟག་དཔྱད་བྱས་ཤིང་། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གཟུགས་པོ་བརྟག་དཔྱད་ཀྱི་རྣམ་གྲངས་སུ་ཁོག་ནད་དང་། ཕྱི་ནད། དབང་ལྔ། ཁྲག་གི་རྒྱུན་སྲོལ་སོགས་ཀྱི་ཚན་ཁག་ཡོད་པ་མ་ཟད། སྔོན་གྱི་ནད་རྙིང་ལ་དམིགས་ཡོད་རང་བཞིན་ངང་བརྟག་དཔྱད་བྱས་པ་རེད།
ཁྲག་བླངས་ནས་བརྟག་དཔྱད་བྱེད་པ།
མིག་ཤེད་ཚོད་ལེན་བྱེད་པ།
གྲོད་ཁོག་ཚོན་ཁྲ་ཅན་གྱི་བརྟག་དཔྱད་བྱེད་པ།